མཚོ་སྔོན་ཞིང་ཆེན་གྱི་སྤྱིལ་ཁང་གནད་དོན་གཙང་བཤེར་ལེགས་བཅོས་བྱེད་པའི་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས།
2018.11.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་སྤྱིལ་ཁང་གནད་དོན་གཙང་བཤེར་ལེགས་བཅོས་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཡོངས་ཀྱི་སྤྱིལ་ཁང་གནད་དོན་གཙང་བཤེར་ལེགས་བཅོས་འགུལ་སྐྱོད་ཀྱི་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་མ་ཟད། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གཙང་བཤེར་ལེགས་བཅོས་གཏིང་ཟབ་ཏུ་སྤེལ་བའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པ་མ་ཟད་གཏམབ་ཤད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་སྤྱིལ་ཁང་གནད་དོན་གཙང་བཤེར་ལེགས་བཅོས་འགུལ་སྐྱོད་དེ་གནད་འགག་དུས་རིམ་དུ་སླེབས་ཡོད་པས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་སྲུང་སྐྱོབ་གཉིས་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་དང་རྩ་བའི་སྟེང་དང་ཡུན་རིང་བོར་ཆེད་དོན་ལེགས་བཅོས་ཀྱི་གལ་ཆེན་དང་དཀའ་ཁག་རང་བཞིན། བྲེལ་མྱུར་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་པ། ལས་གནས་མཐོར་འདེགས་དང་ཚད་མཐའ་དམ་སྲུང་བྱེད་པ། འགན་འཁྲི་གསལ་བོ་བྱེད་པ། ཞིབ་བཤེར་དང་ལེགས་བཅོས་གཉིས་མཉམ་དུ་སྤེལ་བ། འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། རྩ་ལག་མཉམ་བཅོས་བྱེད་པ། བརྟག་བཤེར་ཞིབ་མོ་དང་གཏིང་ཟབ་བྱེད་པ། ཁྱོན་ཡོངས་ནས་དག་ཐེར་ལེགས་བཅོས་བྱས་ཏེ། དུས་བཀག་ལྟར་གཙང་བཤེར་ལེགས་བཅོས་བྱ་བ་ཁྱོན་ཡོངས་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ཏུ། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གཉིས་ཀྱིས་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། མཚོ་ལྷོ་ཁུལ་སྲིད་གཞུང་བཅས་འགན་ཁུར་མི་སྣས་གཏམ་བཤད།