སྤེལ་དུས།2018.11.18 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མོ་ཨེར་སི་པིས་ཀང་ནས་ཀྲི་ལིའི་ཙུང་ཐུང་ཕིས་ཉེ་ལཱ་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ས་དེའི་དུས་ཚོད་ཚེས་བཅུ་བདུན་ཉིན་མོ་ཨེར་སི་པིས་ཀང་ནས་ཀྲི་ལིའི་ཙུང་ཐུང་ཕིས་ཉེ་ལཱ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲི་ལི་ནི་ཆེས་ཐོག་མར་ཀྲུང་གོ་གསར་བ་དང་འབྲེལ་བ་བཙུགས་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་གོ་དང་ཀྲི་ལིའི་འབྲེལ་བ་ཡུན་རིང་བོར་ཀྲུང་གོ་དང་ལ་ཏིན་མེ་གླིང་བར་གྱི་འབྲེལ་བའི་མདུན་གྲས་སུ་སྐྱོད་བཞིན་ཡོད། གནས་བབ་གསར་བའི་འོག ང་ཚོས་མུ་མཐུད་དུ་ཀྲུང་གོ་དང་ཀྲི་ལིའི་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། ངས་ཁྱེད་ཀྱིས་ཡང་བསྐྱར་ཀྲི་ལིའི་ཙུང་ཐུང་གི་འགན་ཁུར་བར་རྟེན་འབྲེལ་ཞུ་བ་ཡིན་ལ། ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཀྲི་ལིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ནས་ངེས་པར་དུ་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་། འཕེལ་རྒྱས་གསར་བ་མངོན་འགྱུར་བྱས་ཏེ། ཀྲུང་གོ་དང་ལ་ཏིན་མེ་གླིང་གི་སྤྱི་ཁོག་གི་མཉམ་ལས་མཐོར་འདེགས་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཀྲི་ལི་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་སྲིད་གཞུང་བར་གྱི་མཉམ་ལས་གྲོས་མཐུན་བཀོད་ཟིན་པ་དང་། གོ་རིམ་རྗེས་མར་ཁྱབ་ཁོངས་གཙོ་བོ་དང་ལས་གཞི་གཙོ་བོ་གཏན་ཁེལ་བྱས་ནས། སྔ་མོ་ནས་གྲུབ་འབྲས་བསྐྲུན་པར་བརྩོན་ལེན་བྱེད་དགོས། ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་གོ་དང་ཀྲི་ལིའི་རང་དབང་ཉོ་ཚོང་ཆོད་ཡིག་རིམ་སྤོར་བྱེད་པ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་རྒྱ་སྐྱེད་པ་དང་། ཉོ་ཚོང་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་འབྲེལ་མཉམ་མཐུད་ཀྱི་ལས་གཞི་གལ་ཆེན་བརྟན་བརླིང་ངང་སྤེལ་དགོས། 2020ལོ་ནི་ཀྲུང་གོ་དང་ཀྲི་ལི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲི་ལི་བར་གྱི་ཚན་རྩལ་དང་ལྷོ་སྣེ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོས་ཀྲི་ལིས་སང་ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་གཙོ་སྒྲུབ་བྱས་ནས། མཉམ་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་དབང་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

ཕིས་ཉེ་ལཱ་ཡིས་བསྟན་དོན། ཀྲི་ལི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་སྲ་བརྟན་ཡིན་པར་མ་ཟད་སྟོབས་དང་ལྡན། ཀྲུང་གོ་ནི་ཀྲི་ལིའི་ཉོ་ཚོང་གྲོགས་པོ་ཆེས་ཆེན་པོ་དང་དངུལ་གཏོང་རྒྱལ་ཁབ་གཙོ་བོ་ཡིན། ཀྲི་ལི་དང་ཀྲུང་གོའི་རང་དབང་ཉོ་ཚོང་ཆོད་ཡིག་གི་རིམ་སྤོར་གྲོས་མཐུན་གྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་བར་སྟོང་སྔར་ལས་རྒྱ་ཆེན་པོ་སྐྲུན་པ་དང་། ཀྲི་ལི་ཡིས་ཀྲུང་གོའི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ཉོ་ཚོང་དངུལ་གཏོང་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ། མཉམ་དུ་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱས་ཏེ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་འདོད་ཡོད། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་བརྗེ་རེས་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ནས། སང་ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།