ཞིང་ཆེན་སྲིད་གཞུང་གིས་དམངས་གཙོ་གྲོས་མོལ་ཆེད་དོན་གྲོས་ཚོགས་བསྡུས།
2018.11.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན།  ཞིང་ཆེན་སྲིད་གཞུང་གིས་དམངས་གཙོ་གྲོས་མོལ་ཆེད་དོན་གྲོས་ཚོགས་བསྡུས་ཏེ།  དམངས་གཙོ་ཏང་ཁག་སོ་སོའི་འགན་ཁུར་མི་སྣ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་དང་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ཁུལ་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན།   ཧྲིན་ཀྲང་གཞོན་པ་གཞོན་པ་ཐེན་ཅིན་ཁྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚང་མས་གཏམ་བཤད་ལ་གཟབ་ནན་གྱིས་ཉན་རྗེས།  ཐེན་ཅིན་ཁྲིན་གྱིས་བསྟན་དོན།  དུས་ཡུན་རིང་བོའི་ཚུན་ལ།   དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་རྣམས་ཀྱིས་དམངས་གཙོ་ལྟ་སྐུལ་དང་སྲིད་ཞུགས་སྲིད་གླེང་གི་འགན་ནུས་གཟབ་ནན་གྱིས་ལག་བསྟར་བཟང་བོ་བྱས་ཏེ་རང་རང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་།  ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ཁུལ་འཛུགས་སྐྲུན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་ཡོད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཟེར།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་དང་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ཁུལ་འཛུགས་སྐྲུན་ལས་གཞི་གཉིས་ནི་དམིགས་འབེན་གཅིག་གྱུར་དང་གཅིག་ཕན་གཅིག་གྲོགས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་པས།  མཉམ་བསྲེས་སྐུལ་འདེད་བྱེད་པའི་གོ་རིམ་ཁྲོད་ཐོག་མཐའ་བར་གསུམ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སྣེ་ཁྲིད་དུ་བྱེད་དགོས་པ་དང་།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར།  ཕྱོགས་བསྡུས་འཆར་འགོད་ཁྲིད་ཕྱོགས་སུ་བྱེད་པ་དང་མཉམ་བསྲེས་ཀྱི་ཁ་ཕྱོགས་ལ་རྒྱུས་ལོན་ཡང་དག་བྱེད་པ།   ཕྱོགས་བསྡུས་སྲུང་སྐྱོབ་དང་མ་ལག་ཉམས་གསོ།    ཕྱོགས་བསྡུས་བཅོས་སྐྱོང་བཅས་གཅིག་གྱུར་ལག་བསྟར་བྱེད་དགོས།  མིག་སྔར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་གསར་པ་དང་བླང་བྱ་གསར་བར་དམིགས་ནས།   ཁྱབ་ཁོངས་གཙོ་བོ་དང་དུས་རིམ་གལ་ཆེན་གཟབ་ནན་གྱིས་དམ་འཛིན་བྱེད་པ་དང་།   མཉམ་བསྲེས་སྐུལ་འདེད་ཀྱི་བྱེད་ཐབས་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ།    སྲིད་ཇུས་མཉམ་འདྲེས་དང་འཆར་འགོད་མཉམ་འདྲེས།  བྱ་བ་མཉམ་འདྲེས་ལ་ཤུགས་སྣོན་པ།   ཕན་ནུས་གཅིག་གྱུར་དང་མཉམ་ཤུགས་འདོན་པའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བྱ་བའི་རྣམ་པ་གྲུབ་པར་བྱེད་པ།  སྟོབས་ཤུགས་ཡོད་རྒུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲ་བརྟན་དུ་གཏོང་དགོས།