མཚོ་སྔོན་ཞིང་ཆེན་གྱིས་དབང་གཏོང་དོ་དམ་དང་ཞབས་ཞུའི་བཅོས་བསྒྱུར་སྤེལ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2018.11.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་སྤེལ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཅོས་བསྒྱུར་མཐའ་གཅིག་ཏུ་སྤེལ་བའི་སྤོབས་པ་ཆེར་སྐྱེད་པ། མང་ཚོགས་ལ་ཕན་འདོགས་རྒྱུ་དེ་དམིགས་འབེན་དུ་བྱེད་པ། དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་བྱུང་བཞིན་པའི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་ཝང་ཡུས་པའོ་ཡིས་ཚོགས་འདུར་འགོ་མཛིན་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་ཐེངས་ལྔ་བའི་ཁྲོད་རྙེད་པའི་མཚོ་སྔོན་གྱི་དབང་གཏོང་དང་དོ་དམ། ཞབས་ཞུའི་ཕྱོགས་ཀྱི་གནད་དོན་གཙོ་བོ་དང་དེ་དག་ཐེར་ལེགས་བཅོས་བྱེད་པའི་ཐད་ཀྱི་གྲོས་གཞི་བརྒྱུད་སྒྲོག་བྱས།

ལིག་ཉིང་གིས་བསྟན་དོན། དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་རྒྱུན་མཐུད་ངང་་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་གཞུང་གི་ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་བྱེད་པ་དེ། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་གཏོད་ནུས་པ་ཆེར་སྐྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ། ཀྲུང་དབྱང་གི་ལས་འགན་རེ་བ་དང་རྒྱལ་སྤྱིའི་ཀུན་སྤྱོད་སྒྲིག་སྲོལ། རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད། ཁེ་ལས་དང་མི་དམངས་ཀྱི་རེ་སྒུག་གཞིར་བཟུང་ནས། འཆར་འགོད་བཟང་བོ་བྱེད་པ་དང་། རྐྱེན་སྲོལ་དང་སྒྲིག་གཞིའི་སྟེང་རྒྱུད་རིམ་བསྐྱར་བཟོ་བྱེད་པ། མཉམ་འབྲེལ་མཉམ་མཐུད་དང་མཉམ་བསྲེས་མཉམ་སྤྱོད་མངོན་འགྱུར་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་གྱི་དབང་གཏོང་དོ་དམ་དང་ཞབས་ཞུའི་བཅོས་བསྒྱུར་དང་མཐུན་པའི་ཐབས་ཇུས་བཟང་བོ་འཚོལ་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་འབུར་ཐོན་བྱེད་པ་དང་། བཅོས་བསྒྱུར་གྱི་གཙོ་གནད་དེ་གནད་དོན་དངོས་ཐག་གཅོད་པའི་སྟེང་བཞག་སྟེ། གནད་དོན་གྱི་འགོ་ཁུངས་འཚོལ་བ་དང་། གནད་དོན་རེ་རེ་བཞིན་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་གཏན་འབེབས་བྱེད་པ་མ་ཟད། བཅོས་བསྒྱུར་ཁྲོད་ཐག་གཅོད་པ་དང་འཐུས་ཚང་དུ་གཏོང་དགོས། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། དབང་གཏོང་དོ་དམ་དང་ཞབས་ཞུའི་བཅོས་བསྒྱུར་དེ་བཟོ་སྐྲུན་གཙོ་བོ་རུ་བརྩིས་ནས་སྟོབས་ཤུགས་ཡོད་རྒུས་སྤེལ་བ། ཞིང་ཆེན་གོང་འོག་ཡོངས་ནས་སྤྱི་ཁོག་གི་འདུ་ཤེས་གྲུབ་པར་བྱེད་པ། གོང་འོག་ཕན་ཚུན་བར་འགན་སྲུང་བྱེད་པའི་བྱ་བའི་སྦྲེལ་ཐག་དང་འཁོར་སྐྱོད་རྐྱེན་སྲོལ་གྲུབ་པར་བྱས་ནས། བཅོས་བསྒྱུར་ལས་འགན་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།