མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ས་རྒྱུས་ཆ་འཕྲིན་ཚོགས་ཆེན་ཀྲེ་ཅང་ཏི་ཆིན་ནས་ཚོགས་པ་དང་ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2018.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ས་རྒྱུས་ཆ་འཕྲིན་ཚོགས་ཆེན་ཀྲེ་ཅང་ཏི་ཆིན་ནས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་བརྒྱུད་ནས་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ས་རྒྱུས་ཆ་འཕྲིན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་ནུས་པ་གལ་ཆེན་བཏོན། དེང་སྐབས་འཛམ་གླིང་དུ་ས་རྒྱུས་ཆ་འཕྲིན་ལག་རྩལ་དང་མཉམ་འབྲེལ་དྲ་རྒྱ། གཞི་གྲངས་ཆེན་མོ་སོགས་དུས་རབས་གསར་བའི་ཆ་འཕྲིན་ལག་རྩལ་མཉམ་བསྲེས་བྱས་པ་དང་སྒུལ་ནུས་གསར་བ་དང་ལས་རྣམ་གསར་བ། བཀོལ་སྤྱོད་གསར་བ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཀྲུང་གོ་སྲིད་གཞུང་དུས་དང་རྣམ་པ་ཀུན་ཏུ་འཛམ་གླིང་ས་རྒྱུས་ཆ་འཕྲིན་ཁྱབ་ཁོངས་མཉམ་ལས་ཁྲོད་དུ་ཞུགས་པར་མ་ཟད་དེར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་རྒྱུས་ཆ་འཕྲིན་ལ་མཐུན་སྦྱོར་དང་དོ་དམ་བྱེད་པ་དང་འཛམ་གླིང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱས་པར་གཟེངས་བསྟོད་བྱེད་པ་ཡིན། ཀྲུང་གོས་མུ་མཐུད་དུ་རྒྱལ་ཁབ་སོ་སོ་དང་ལག་རྡང་སྦྲེལ་ཏེ་ས་རྒྱུས་ཆ་འཕྲིན་མཉམ་ལས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་ཞབས་ཕྱི་བསྒྲུབ་པ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ལ་བདེ་སྐྱིད་སྐྲུན་པ། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།