མཚོ་སྔོན་གྱིས་སྒྲིག་གཞི་བཅོས་སྒྱུར་དང་འབྲེལ་བའི་ལས་ཁུངས་ཀྱི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པའི་ཐུན་མོང་གླེང་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2018.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་གྱིས་སྒྲིག་གཞི་བཅོས་སྒྱུར་དང་འབྲེལ་བའི་ལས་ཁུངས་ཀྱི་ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ལས་བྱེད་པའི་ཐུན་མོང་གླེང་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཐིན་ཅཱ་ཚའེ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་བཅས་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་བརྩི་སྲུང་བྱ་རྒྱུ་ལས་དོན་ཡོངས་ཀྱི་གཙོ་བོར་བཞག་ནས། སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་དང་ཡིད་རྟོན་བཞི་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་ལག་བསྟར་བཟང་བོ་བྱེད་པ། འགོ་ཁྲིད་ཚན་ཁག་དང་དཔུང་སྡེ་ཡི་ཆབ་སྲིད་འཛུགས་སྐྲུན་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་བ། མིག་སྔར་སྤེལ་བཞིན་པའི་རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ཐུན་མོང་ལེགས་སྒྲིག་སོགས་ཀྱི་བྱ་འགུལ་དང་གཞི་གཅིག་ཏུ་སྦྲེལ་བ་བཅས་ལ་འབད་མཐར། ཆབ་སྲིད་དང་ལས་གནས་ཀྱི་འོས་འགན་གཙང་ལེན་བྱེད་དགོས་ཟེར།

ཝང་ཡུས་ཡན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ལས་དོན་སྤྱིའི་མཐོ་ཚད་ནས་འགྲེང་སྟེ་སྒྲིག་གཞི་བཅོས་སྒྱུར་བྱ་བའི་གལ་ཆེན་རང་བཞིན་དང་ཉེན་ཚབས་རང་བཞིན་ལ་གོ་བ་ཡང་དག་ལེན་དགོས་ཤིང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་ཆོས་ཉིད། ཆབ་སྲིད་ཀྱི་ལམ་ལུགས་བཅས་ཀྱི་སྟེང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོ་ཡོང་བར་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་ལེགས་པོ་བྱས་མཐར། ཏང་དང་མི་དམངས། ལོ་རྒྱུས་བཅས་ལ་ཁག་ཁུར་གྱི་འདུ་ཤེས་འཛིན་དགོས་ཟེར།