ཝང་དབྱང་གིས་ཁྲིད་པའི་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ནན་ཉིན་ལ་ཐོན་ནས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས།
2018.12.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་གཙོ་ཡིན་པའི་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཚེས་དགུ་ཉིན་གྱི་སྔ་དྲོར་ནན་ཉིན་ལ་ཐོན་ནས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས། ཀོང་ཞིའི་རིགས་སོ་སོའི་མང་ཚོགས་ཀྱིས་གནམ་གྲུ་ཐང་ནས་ཀྲུང་དབྱང་འཐུས་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་འཁུར་བའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་པེའོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པ་ཐུར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་ཡི་ཀྲུའུ་རིན་མེའོ་ཧྭ་སོགས་ཝང་དབྱང་དང་ལྷན་དུ་ནན་ཉིན་ལ་ཐོན།

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ལུའུ་ཞིན་ཧྲིག་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཁྲིན་ཝུའུ་སོགས་ཀྱིས་ཀྲུང་དབྱང་འཐུས་ཚབ་ཚོགས་པར་དགའ་བསུ་ཞུས།

ཀྲུང་དབྱང་འཐུབ་ཚབ་ཚོགས་པ་ཚེས་དགུ་ཉིན་གྱི་སྔ་དྲོར་གནམ་གྲུར་བསྡད་དེ་པེ་ཅིན་ནས་ནན་ཉིན་ལ་སོང་། འཐུས་ཚབ་ཚོགས་པ་དེ་མི་རེ་གསུམ་ལས་གྲུབ་པ་དང་དེའི་ནང་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས། དེ་མིན་རང་སྐྱོང་ལྗོངས་བཞི་དང་ཀོང་ཞི་ལ་རོགས་སྐྱོར་བྱེད་པའི་ཀོང་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བ་སོགས་འདུས་ཡོད།