ཝང་དབྱང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་ནན་ཉིན་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས།
2018.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་ནན་ཉིན་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་ནས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བ་མཚོན་པར་བྱས་པ་དང་རྒྱལ་ཡོངས་མི་དམངས་ཀྱིས་བརྩེ་སེམས་ཟབ་མོ་བཅངས་པ་མཚོན་པར་མ་ཟད་ཚང་མ་དང་མཉམ་དུ་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་མཉམ་དུ་རྟེན་འབྲེལ་ཞུས།

ཀོང་ཞི་རྒྱལ་སྤྱི་ཀྲོང་ལུགས་སྨན་ཁང་ནི་སྨན་བཅོས་དང་སློབ་ཁྲིད་ཚན་ཞིབ་དང་རྒྱལ་སྤྱིའི་བརྗེ་རེས་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སྨན་ཁང་ཞིག་ཡིན། ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། ཝང་དབྱང་སོགས་སྨན་ཁང་དེར་ཕེབས་ཏེ་སྨན་ཁང་གི་འཛུགས་སྐྲུན་དང་གྲངས་ཉུང་མི་རིགས་སྨན་བཅོས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་ནད་པ་དང་སྨན་བཅོས་མི་སྣ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས། ཁོང་གིས་བསྟན་དོན། ཀོང་ཞི་ཡིས་གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་དང་བདེ་ཐང་ཐོན་ལས་ཆ་རྐྱེན་འཕེལ་རྒྱས་སུ་གཏོང་སྐབས། ཧུར་ཐག་སྒོས་ཐོན་ཁུངས་ཁྱད་སྟོབས་དང་སྲིད་ཇུས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་བ་དང་བདེ་ཐང་ཀྲུང་གོའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཝང་དབྱང་སོགས་ཀོང་ཞི་སློབ་ཆེན་དུ་ཕེབས་ཏེ་སློབ་གྲྭའི་ལོ་རྒྱུས་འགྲེམ་སྟོན་དང་སློབ་སྒྲུབ་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་སྟེ་སློབ་གྲྭའི་སློབ་ཁྲིད་ཚན་ཞིབ་དང་ཤེས་ལྡན་མི་སྣ་ནང་འདྲེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཝང་དབྱང་གིས་གསུངས་རྒྱུར། ཀོང་ཞི་སློབ་ཆེན་གྱིས་ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་དངོས་འབེབས་བཟང་བོ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་མ་འོངས་པའི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཝང་དབྱང་སོགས་ཀྱིས་ནན་ཉིན་གྲོང་ཁྱེར་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཐུག་འཕྲད་བྱས་པར་མ་ཟད་ནན་ཉིན་གྲོང་ཁྱེར་གྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས། ཚོགས་ཐོག་ཏུ་ཝང་དབྱང་གིས་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་གསུངས་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞིའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དཀའ་སྤྱད་སྒོས་བྱ་བ་བསྒྲུབ་པ་དང་ཕུ་དུང་བརྫེས་ནས་ལས་ལ་འབུངས་ནས། དུས་རབས་གསར་བའི་ནན་ཉིན་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།