མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2018.12.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན།   ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་དོན་འཁྱོལ་བྱེད་པ་དང་།  ཆབ་སྲིད་གོ་གནས་སྔར་ལས་མཐོར་འདེགས་གཏོང་བ།   ཆབ་སྲིད་རང་འགུལ་ཇེ་དྲག་ཏུ་གཏོང་བ།   ལས་འགན་ཇེ་ཞིབ་ཏུ་གཏོང་བ། བཅོས་སྐྱོང་དངོས་འབེབས་བཟང་བོ་བྱེད་པ་བཅས་བྱས་ཏེ་སྲིད་གྲོས་ལས་ཁུངས་ཀྱི་སྤྱོད་གཙང་རང་གཅུན་གྱི་སྣང་ཚུལ་བཟང་བོ་ཆགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་།  རིན་ཆེན་རྣམ་རྒྱལ།  ཏུའུ་ཅེ།  མཱ་ཧེ་དབྱིན།  ཝང་ཞོན།  ཏུའུ་ཏི་ཀྲི་བཅས་གྲོས་ཚོགས་ལ་ཞུགས་པ་དང།   ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན།   ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཡང་དག་བྱེད་དགོས་པ་དང་།   གཅིག་བསྡུས་བཅོས་སྐྱོང་ལ་ངོས་འཛིན་ཡང་དག་བྱེད་རྒྱུ་ནི་དུས་རབས་གསར་པར་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དགོས་ངེས་ཀྱི་རེ་བ་ཡིན་པ་དང་།   མང་ཚོགས་ཚོགས་པའི་བྱ་བར་སྐུལ་འདེད་གཏོང་བ་དང་།   སྤྱོད་གཙང་རང་གཅུན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་རེ་བའང་ཡིན་པས།    གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།   གཅིག་བསྡུས་བཅོས་སྐྱོང་བྱེད་པའི་ཁ་ཕྱོགས་དང་གཙོ་གནད་ལ་རྒྱུས་ལོན་ཡང་དག་བྱེད་པ།   ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་།   མང་ཚོགས་ལ་འབྲེལ་འདྲིས་བྱས་ཏེ་ཞབས་འདེགས་ཞུ་བ།   འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ་སོགས་ཐད་ཀྱི་གནད་དོན་འཚོལ་ཞིབ་ལེགས་བོ་བྱེད་པ།  དག་ཐེར་བཅོས་སྐྱོང་གནད་དོན་གྱི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་ཡང་དག་བྱས་ཏེ་གཟབ་ནན་གྱིས་བཅོས་སྐྱོང་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་གཅིག་བསྡུས་བཅོས་སྐྱོང་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བཟང་བོ་བྱེད་པ།   ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ལག་བསྟར་ཇུས་ཆོད་ནང་གཏན་ཁེལ་བྱས་པའི་དུས་བཅད་གོ་རིམ་ལྟར།   གཅིག་བསྡུས་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་པར་ཡར་སྐུལ་བྱེད་དགོས་པ་དང་།  གནད་དོན་ཞིབ་བཤེར་དང་བཅོས་སྐྱོང་དོན་འཁྱོལ་བྱེད་པ་སོགས་གནད་འགག་དུས་རིམ་དམ་འཛིན་བྱེད་པ་དང་།    ཆབ་སྲིད་གླེང་བའི་མཐོ་ཚད་ནས་གནད་དོན་ལ་ཞིབ་བཤེར་དང་གནད་དོན་རྙེད་པར་བྱེད་པ་རྒྱུན་འཁྱོངས་བྱེད་པ།   བྱ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་གྲོས་འགན་ནུས་ལག་བསྟར་བྱེད་པའི་ཁྲོད་ཀྱི་འབུར་ཐོན་གནད་དོན་འཚོལ་ཞིབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།   གནད་དོན་རྩིས་ཁྲ་དང་འགན་འཁྲིའི་རྩིས་ཁྲ།  བཅོས་སྐྱོང་རྩིས་ཁྲ་བཅས་བཙུགས་ནས་དག་ཐེར་བཅོས་སྐྱོང་བྱ་བ་སོ་སོ་དངོས་འབེབས་དོན་འཁྱོལ་བཟང་བོ་བྱེད་དགོས།   འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་བྱེད་པའི་དྲང་ཕྱོགས་ཀྱི་བྱེད་ནུས་ཀྱིས་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་བསྒྱུར་བར་སྣེ་ཁྲིད་བྱེད་པ་དང་།   འགན་འཁྲི་འདྲི་ཞིབ་ནན་མོ་བྱས་ཏེ་དག་ཐེར་བཅོས་སྐྱོང་བྱ་བའི་ལས་འགན་དངོས་འབེབས་དོན་འཁྱོལ་བྱེད་དགོས།    གཅིག་བསྡུས་བཅོས་སྐྱོང་དང་མི་དམངས་སྲིད་གྲོས་ཀྱིས་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ།    ཐུན་མོང་གི་འདུ་ཤེས་གཅིག་བསྡུས་བྱེད་པ།  གྲོས་མོལ་སྲིད་གླེང་ལ་སྐུལ་འདེད་གཏོང་བ།    དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཟུང་འབྲེལ་བྱས་ཏེ་གཅིག་བསྡུས་བཅོས་སྐྱོང་གི་ཕན་ནུས་ཀྱིས་སྲིད་གྲོས་བྱ་བའི་སྤུས་ཚད་ཇེ་མཐོར་འགྲོ་བར་ཡར་སྐུལ་བྱེད་པ་དང་།    མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།