ལིས་ཀྲན་ཧྲུའུ་ཡིས་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལོས་ནོ་ལ་མཇལ་འཕྲད་གནང་།
2018.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 69

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལོས་ནོ་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལོས་ནོ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མོ་ལོས་ནོ་རྣམ་གཉིས་ཀྱིས་མཉམ་དུ་སྣེ་ཁྲིད་བྱས་འོག ཀྲུང་གོ་དང་ཨེ་ཁྭ་ཏོར་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གྱུར་ཞིང་དམངས་ཁྲོད་མཛའ་མཐུན་རྨང་གཞི་སྲ་བརྟན་དུ་སོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་མ་ཟད་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་གྲོགས་པོ་བཟང་བོ་ཞིག་བྱེད་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཨེ་ཁྭ་ཏོར་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་སྣོན་ཞིང་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཕན་ཚུན་ལ་རྒྱུན་ལོན་ཟབ་མོ་བྱས་ནས་ཀྲུང་གོ་དང་ཨེ་ཁྭ་ཏོར་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

མོ་ལོས་ནོ་ཡིས་བཤད་རྒྱུར། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་བགྲོད་ལམ་དང་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་པ་དང་། དེས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད་མིའི་རིགས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཨེ་ཁྭ་ཏོར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀ་གཉིས་ཕན་མཉམ་ལས་ཀྱི་གྲོགས་པོ་བཟང་བོར་འགྱུར་བར་འབད་བརྩོན་བྱེད་པ་དང་ཕྱོགས་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་འབྲེལ་འདྲིས་དང་འགྲོ་འོང་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།