ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱིས་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་གསར་བསྒྲིགས་ཝའོ་ཨར་ཙིའི་སྐོར་སྐྱོད་སྒྲོག་འགྲེལ་བྱ་འགུལ་སྤེལ།

སྤེལ་དུས། 2018-05-04 09:55:26   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་ལྔ་བའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། གསར་དུ་བསྒྲིགས་པའི་ཝའོ་ཨེ་ཙིའི་སྐོར་སྐྱོད་སྒྲོག་འགྲེལ་བྱ་འགུལ་གྱི་སྐུལ་སློང་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཁྲང་ཆིན་ཚོགས་འདུར་ཞུགས།

ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་ནི་མཚོ་སྔོན་གྱིས་ཐེངས་དང་པོར་རྩ་འཛུགས་བྱས་པའི་གསར་བསྒྲིགས་ཝའོ་ཨར་ཙིའི་སྐོར་སྐྱོར་སྒྲོག་འགྲེལ་ཡིན་ལ། དེའི་དམིགས་འབེན་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཡིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཙོ་བོས། སྒྲོག་འགྲེལ་བྱེད་སྐབས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ཀྱི་སྙིང་བོ་དང་འདུལ་ཁྲིམས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཕན་ཚུན་ཟུང་འབྲེལ་བྱེད་པ། དབྱི་སི་ལན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་པར་སྣེ་ཁྲིད་བྱེད་པ། ཆོས་ལུགས་ལས་རིགས་དང་དང་དད་ལྡན་མང་ཚོགས་ཀྱི་བསམ་བློ་དང་འགུལ་སྐྱོད་གཉིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། སྟོབས་ཤུགས་དང་རིག་སྟོབས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་གཅིག་ཏུ་སྒྲིལ་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཏོན།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།