ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་པེ་ཅིན་སློབ་ཆེན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་དགེ་སློབ་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས།

སྤེལ་དུས། 2018-05-04 10:24:28   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཟླ་ལྔ་བའི་ཚེས་གསུམ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་སློབ་ཆེན་དུ་རྟོག་ཞིབ་མཛད་སྐབས། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པ་ནི་ཡུན་རིང་གི་ལས་འགན་ཡིན་པས། མི་རབས་ནས་མི་རབས་བར་རྒྱུན་མཐུད་སྒོས་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་བསྟན། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་རང་ཉིད་མི་རིགས་བསྐྱར་དར་གྱི་ཕུགས་འདུན་འཚོལ་མཁན་དང་མངོན་འགྱུར་བྱེད་མཁན་བྱེད་དགོས་པ་དང་། ལང་ཚོ་དང་དཀའ་སྤྱད་ཀྱི་འབད་འཐབ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་བཤད།

པེ་ཅིན་སློབ་ཆེན་དུ་ལོ་བཞིའི་རྗེས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་གཟིགས་ཞིབ་གནང་བར་མ་ཟད་དངོས་སུ་དགེ་སློབ་རྣམས་ཀྱི་ཁྲོད་དུ་ཕེབས་ནས་གནས་ཚུལ་ཞིབ་འདྲི་དང་ཉམས་མྱོང་བརྗེ་རེས་བྱས་པ་བརྒྱུད། པེ་ཅིན་སློབ་ཆེན་གྱི་དགེ་སློབ་རྣམས་ཀྱི་འདུན་པ་ཇེ་དྲག་ཏུ་བཏང་།

ཆོད་སེམས་བརྟན་པོའི་སྒོ་ནས་འབད་འཐབ་བྱེད་མཁན་ཞིག་བྱེད་དགོས་ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ན་གཞོན་རྣམས་ལ་གནང་བའི་མངག་བཅོལ་རེད། མཐོ་རིམ་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་མེས་རྒྱལ་ལ་བློ་དཀར་བ་དང་མི་དམངས་ལ་བློ་དཀར་བའི་ཆོད་སེམས་བརྟན་པོ་བཅངས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་གྱི་འགན་འཁྲི་ཁག་ཁུར་བྱེད་པ་དང་དུས་རབས་གསར་བར་ལས་དོན་ཆེན་པོ་ཞིག་སྒྲུབ་ངེས་ཡིན་ཞེས་བཤད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།