ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་ཅན་ཅོན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།

སྤེལ་དུས། 2018-05-16 09:58:27   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

 ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་གི་ས་གནས་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་ཚོགས་འདུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་ལ་ཞུགས་པར་མ་ཟད་འབྲེལ་ཡོད་བྱ་འགུལ་གྱི་གནས་ཚུལ་ཁྱབ་བསྒྲགས་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པར་མ་ཟད། མཚོ་སྔོན་གྱི་ལས་ཁུངས་བཅོས་སྒྱུར་བྱ་བ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སོགས་ལ་ཞིབ་འཇུག་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་གིས་ས་གནས་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་ཚོགས་འདུ་བསྡུས་པ་དེས། ས་གནས་ལས་ཁུངས་བཅོས་སྒྱུར་དངོས་སུ་ལག་བསྟར་བྱས་པ་མངོན་པར་མཚོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ལས་དོན་གཏིང་ཟབ་ཏུ་སྤེལ་བ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་དགོངས་པ་གལ་ཆེན་ལ་གོ་བ་ཡང་དག་ལེན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་གོང་འོག་གཅིག་ཏུ་སྦྲེལ་ནས་སློབ་སྦྱོང་མཐར་ཕྱིན་བྱེད་དགོས། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་དམིགས་འབེན་ལ་གོ་བ་ཡང་དག་ལོན་པར་བྱེད་པ། ཀྲུང་དབྱང་གི་བླང་བྱར་བསྟུན་པ། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་བ། གོང་འོག་བར་གསུམ་ཚང་མ་མཐུད་པ་བཅས་ལ་འབད་དེ། ས་གནས་ལས་ཁུངས་བཅོས་སྒྱུར་བྱ་བ་སྤེལ་བ་མཚོ་སྔོན་ཅན་དང་ལག་ལེན་ཅན། ཞིབ་ཕྲ་ཅན་བཅས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་སྟེང་གསུང་བཤད་གནང་སྐབས། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཁ་ཕྱོགས་གཙོ་བོ་མངོན་གསལ་སྒོས་བསྟན་པར་མ་ཟད། དེས་དུས་རབས་གསར་བའི་ཀྲུང་གོ་དང་རྒྱལ་སྤྱི་སིམ་འདྲེས་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་བཏོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅོས་སྒྱུར་སྒོ་འབྱེད་ཀྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གཏིང་ཟབ་གཡོ་མེད་བྱེད་པ་དང་། སྒོ་འབྱེད་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། གནས་ཐིག་ཡང་དག་པ་འཚོལ་བ། དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ཧུར་ཐག་འབད་འཐབ་བཅས་བྱས་ནས། བར་མ་ཆད་པའི་ངང་ཁྱབ་ཁོངས་གཙོ་བོ་དང་གནད་འགག་ལས་རིམ་གྱི་བཅོས་སྒྱུར་ལས་དོན་གཏིང་ཟབ་ཏུ་སྤེལ་མཐར། རང་རྟོགས་སྒོས་མཚོ་སྔོན་གྱིས་རྒྱལ་ཁབ་བཅོས་སྒྱུར་སྒོ་འབྱེད་ཁྲོད་ཟིན་པའི་ཁག་ཁུར་འོས་འགན་ཕྲག་སྟེང་དུ་ལེན་ཕོད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་ནི། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་ཆེན་པོ་ཞིག་ཡིན། རྟེན་འབྲེལ་བྱ་འགུལ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཉིས་དྲིལ་སྒྲོག་མཐར་ཕྱིན་བྱེད་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་ནས་འཛིན་དགོས་ཤིང་། ཐོག་མའི་ཕུགས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་ཉར་བའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ནས་འཛིན་དགོས། བཅོས་སྒྱུར་སྒོ་འབྱེད་ཀྱི་གཏམ་རྒྱུད་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱི་མཐུན་སྒྲིལ་མདུན་སྐྱོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། རིགས་སོ་སོའི་ལས་བྱེད་མང་ཚོགས་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་སྔར་ལས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་བྱ་བ་མཐའ་འཁྱོལ་བར་སྤེལ་དགོས་ཟེར།

གྲོས་ཚོགས་ལས་གྲོས་ཞིབ་བརྒྱུད་དེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་བསྟར་བྱེད་ཐབས་སྐོར་གྱི་བསམ་འཆར་ཞེས་པར་གྲོས་འཆམ་བྱུང་། གྲོས་ཚོགས་ལས་རྒྱལ་ཡོངས་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། ད་དུང་རྒྱལ་ཡོངས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་གཏོང་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།