ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

མ་ཝེ་ཡིས་འཚམས་འདྲི་ཚོགས་པ་ཁྲིད་དེ་པི་ལི་ཧྲི་དང་དབྱི་ལང་རྒྱལ་ཁབ་གཉིས་ལ་སོང་སྟེ་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དྲིལ་སྒྲོག་དང་མཚམས་སྦྱོར་བྱས།

སྤེལ་དུས། 2018-05-16 10:14:13   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མ་ཝེ་ཡིས་ཞིང་ཆེན་ཚོང་དོན་ཐིན་དང་ཀྲུང་གོ་བོད་ལུགས་ས་གདན་མཐུན་ཚོགས་སོགས་ཕྱོགས་ཀྱི་འཐུས་མིས་གྲུབ་པའི་འཚམས་འདྲི་ཚོགས་པ་ཁྲིད་དེ་པི་ལི་ཧྲི་དང་དབྱི་ལང་རྒྱལ་ཁབ་གཉིས་ལ་སོང་སྟེ་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དྲིལ་སྒྲོག་དང་མཚམས་སྦྱོར་བྱས་པར་མ་ཟད། དཔལ་འབྱོར་ཉོ་ཚོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་འཚམས་འདྲི་བྱས།

པི་ལི་ཧྲི་དང་དབྱི་ལང་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱེད་སྐབས། མ་ཝེ་ཡིས་རྒྱལ་ཁབ་གཉིས་ཀྱི་ས་གནས་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་ལས་ཁུངས་དང་ལས་རིགས། ཁེ་ལས་བཅས་ཀྱི་འགན་ཁུར་བ་དང་བཞུགས་མོལ་བྱས་ཏེ་དཔལ་འབྱོར་ཉོ་ཚོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཉམས་མྱོང་བརྗེ་རེས་བྱས་པ་དང་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དྲིལ་སྒྲོག་དང་མཚམས་སྦྱོར་བྱས་པར་མ་ཟད། ཕན་ཚུན་ལ་རེ་བ་འདོན་པ་དང་གཏམ་བཤད་སྤེལ་བ། གདན་ཞུའི་ཡི་གེ་གནང་བ་སོགས་ཀྱི་རྣམ་པ་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ས་གནས་ཀྱི་འགོ་གཙོ་དང་ཁེ་ལས་མི་སྣ་ཀྲུང་གོ་མཚོ་སྔོན་འགྲེམ་སྟོན་ཚོགས་འདུར་ཞུགས་པར་གདན་ཞུ་བྱས།

འཚམས་འདྲིའི་སྐབས་སུ། མ་ཝེ་ཡིས་ད་དུང་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་སྲིད་ཇུས་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་དང་སྐྱེ་ཁམས་གོ་གནས། ཐོན་ཁུངས་ནུས་ཁུངས་སོགས་གཙོར་བཟུང་ནས་དྲིལ་སྒྲོག་དང་མཚམས་སྦྱོར་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།