ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་པོར་མཇལ་འཕྲད་གནང་།

སྤེལ་དུས། 2018-05-16 08:38:41   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་བརྟན་རྒྱལ།

1122837186_15263881354921n.jpg

ཟླ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་པོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་པོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ནི་དུས་རབས་འདིའི་དུས་མགོར་བཙུགས་པ་དང་ཆེས་ཐོག་མའི་དམིགས་ཡུལ་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཚང་མས་མཉམ་འབྲེལ་རང་སྟོབས་དང་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས་ཨེ་ཤ་ཡའི་ཤུགས་རྐྱེན་མཐོར་འདེགས་སུ་གཏོང་རྒྱུ་དེ་རེད། གླེང་སྟེགས་ཀྱི་འོས་འགན་དང་སྤྱིའི་དམིགས་འབེན་ནི་ཨེ་ཤ་ཡའི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་དང་ས་ཁུལ་གྱི་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཡར་སྐུལ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ལ། གླེང་སྟེགས་ཀྱི་འཛུགས་གྲུབ་དང་འཕེལ་རྒྱས་ནི་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་དང་མཉམ་གནས་བྱས་ཡོད། གླེང་སྟེགས་ཀྱིས་དུས་བསྟུན་མདུན་སྐྱོད་བྱེད་པ་དང་ཨེ་ཤ་ཡ་དང་གསར་དར་ཁྲོམ་རའི་དཔལ་འབྱོར་མ་ལག་ལ་དམིགས་འཛུགས་པ། འཛམ་གླིང་འཕེལ་རྒྱས་ཀྱི་དོན་དངོས་གནད་དོན་གལ་ཆེན་ལ་དོ་སྣང་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་དཔལ་འབྱོར་ལེགས་བཅོས་འཐུས་ཚང་དུ་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ལ་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། བྱེད་ཐབས་གསར་བ་འདོན་སྤྲོད་བྱས་ནས། ཀྲུང་གོ་དང་འཛམ་གླིང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་ཧུར་བརྩོན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་གཏན་འཇགས་མིན་པའི་རྒྱུ་རྐྱེན་སྣ་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། གནད་དོན་གསར་བ་དང་འགྲན་རྩོད་གསར་བ་མི་ཉུང་བ་ཞིག་གནས་ཡོད། དེ་བས་ང་ཚོས་སྒོ་འབྱེད་རྒྱུ་ཡིན་ནམ་གཏན་རྒྱུ་ཡིན། གསར་སྐྲུན་བྱེད་རྒྱུ་ཡིན་ནམ་རྙིང་བ་སྲུང་རྒྱུ་ཡིན། མཉམ་རྒྱལ་བྱེད་རྒྱུ་ཡིན་ནམ་སོར་གནས་སུ་འདུག་རྒྱུ་ཡིན། དྲི་བ་འདི་དག་ལ་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་གདམ་གསེས་ཡང་དག་ཅིག་བྱེད་དགོས། ངས་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་སྟེང་དུ་ཚང་མར་གསལ་བོར་བཤད་ཡོད། དཔལ་འབྱོར་འཛམ་གླིང་ཅན་ནི་ལྡོག་ཏུ་མེད་པའི་དུས་རབས་ཀྱི་རླབས་རྒྱུན་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མདུན་ལམ་དང་ལས་དབང་ལ་དེ་རིང་ལྟ་བུའི་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་དམ་པོར་སྦྲེལ་བའི་སྣང་ཚུལ་འདི་ལྟ་བུ་ཞིག་བྱུང་མྱོང་མེད། དཔལ་འབྱོར་འཛམ་གླིང་ཅན་གྱི་ཁྲོད་དུ་བྱུང་བའི་གནད་དོན་ལ་ཁ་གཏད་དེ་རྙིང་བ་སྲུང་སྐྱོབ་བྱེད་རྒྱུ་ནི་ཐབས་ལམ་བཟང་བོ་ཞིག་མིན་ལ། ཕྱོགས་མང་མཐུན་སྦྱོར་བྱེད་རྒྱུ་ནི་བགྲོད་ལམ་ཡང་དག་དེ་རེད།

ཕན་ཅི་ཝུན་གྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་པོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། མིག་སྔར་གྱི་གནས་བབ་འོག་ཏུ་གླེང་སྟེགས་ཀྱིས་འཛམ་གླིང་ཅན་དང་རང་དབང་ཉོ་ཚོང་གི་ཆ་འཕྲིན་གསལ་བོ་འདོན་པར་རྒྱབ་སྐྱོར་དང་། ཀྲུང་གོའི་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། ཨེ་ཤ་ཡའི་རྒྱུན་མཐུད་འཕེལ་རྒྱས་དང་གསར་སྐྲུན་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་གནས་བབ་སྔར་ལས་བཟང་བོ་མངོན་པར་བྱེད་དགོས་ཟེར།

དབྱང་ཅེ་ཁྲི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།