ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་དབྱང་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

སྤེལ་དུས། 2018-05-24 09:16:19   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་བརྟན་རྒྱལ།

1122877680_15270847056661n.jpg

ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས། འདི་ནི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ཝང་དབྱང་གིས་བསང་ཆུ་རྫོང་སྨད་མ་སྡེ་བའི་དབུལ་ཕོངས་འབྲོག་པར་འཚམས་འདྲི་བྱེད་བཞིན་པའི་ཚུལ་རེད། 

1122877680_15270847226711n.jpg

ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས། འདི་ནི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ཝང་དབྱང་གིས་བླ་བྲང་དགོན་པར་བཞུགས་མོལ་ཚོགས་འདུ་འཚོགས་བཞིན་པའི་ཚུལ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་བོད་ཁུལ་བཅོས་སྐྱོང་འཐབ་ཇུས་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་འདུ་ཤེས་བཞི་སྲ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་བྱེད་པ། བོད་ཁུལ་གྱི་བྱ་བ་བཟང་བོར་སྒྲུབ་པའི་དམིགས་བསལ་རང་བཞིན་དང་གལ་ཆེན་རང་བཞིན་ལ་ངེས་ཤེས་ཟབ་མོ་རྙེད་པར་བྱས་ནས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། ཐབས་བརྒྱ་ཇུས་སྟོང་གིས་དམངས་ཚིས་འགན་སྲུང་ལེགས་བཅོས་བྱེད་པ་དང་། དབུལ་ཕོངས་གནད་དོན་རྩ་བ་ནས་ཐག་གཅོད་ལེགས་བཅོས་བྱས་ཏེ། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ཡོང་བ་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་ཝང་དབྱང་ཀན་ལྷོ་ཁུལ་གྱི་ཞིང་སྡེ་དང་ཕྱུགས་ལས། ཁེ་ལས། སློབ་གྲྭ། དགོན་སྡེ་སོགས་སུ་སོང་ནས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པར་མ་ཟད། མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་བོད་ཁུལ་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་པ་དང་། བྱ་བའི་ཕྱོགས་སོ་སོ་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་བླངས་ནས་སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་སྲུང་འཛིན་བྱས་པར་མ་ཟད། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་ཆོས་ལུགས་འབྲེལ་བ་སྔར་ལས་བདེ་བླག་ཡིན་པ། དཔལ་འབྱོར་འཁོར་སྐྱོད་གཏན་འཇགས་ཀྱི་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བ། དབུལ་ཕོངས་ཚད་རིམ་མངོན་གསལ་གྱིས་ཇེ་དམར་སོང་ནས་བོད་ཁུལ་གྱི་མཁར་གྲོང་རྣམ་པར་འགྱུར་ལྡོག་གསར་བ་བྱུང་ཡོད། གྲུབ་འབྲས་འདི་ནི་ཐོབ་སླ་བ་ཞིག་མིན་པས་ཁས་ལེན་གང་ལེགས་བྱེད་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། བོད་ཁུལ་བྱ་བའི་དམིགས་འཛུགས་ས་དང་ཤུགས་འདོན་ས་ནི་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུ་དེ་རེད། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། རིགས་སོ་སོའི་མི་དམངས་མང་ཚོགས་མཉམ་སྡོད་མཉམ་སློབ་བྱེད་པ་དང་མཉམ་དུ་ལས་དོན་སྒྲུབ་པ། མཉམ་དུ་སྤྲོ་སྐྱིད་ལ་རོལ་བའི་སྤྱི་ཚོགས་ཀྱི་ཆ་རྐྱེན་ལེགས་པོ་ཧུར་བརྩོན་གྱིས་གསར་སྐྲུན་བྱེད་པ་དང་། རིགས་སོ་སོའི་མི་རིགས་བར་ཕན་ཚུན་འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས། མི་རིགས་སོ་སོས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ནང་དུ་གཅིག་སེམས་གཅིག་འདྲེས་དང་ཕན་ཚུན་རོགས་རེས་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་མཐུན་སྦྱོར་ཡོང་བར་ཧུར་ཐག་གིས་སྣེ་ཁྲིད་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་འགོ་ཁྲིད་ལ་ཤུགས་བསྣན་ནས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་དུ་གཏོང་བར་སྣེ་སྟོན་བྱེད་པ་དང་། ཆོས་ཁྲིམས་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་དུས་རབས་མདུན་སྐྱོད། བདེ་ཐང་དཔལ་ཡོན་བཅས་ལ་ཕན་པའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་བྱེད་པ། རང་འགུལ་གྱི་སྒོ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་བརྩི་བསྲུང་བྱེད་པ། ཆོས་སྲོལ་འཛུགས་སྐྲུན་དང་དགོན་པའི་ནང་གི་དོ་དམ་ལ་ངེས་པ་དོན་གྱིས་ཤུགས་བསྣན་ཏེ། ཆོས་ལུགས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། བོད་ཁུལ་མང་ཆེ་བ་ནི་ས་བབ་མཐོ་ས་དང་གྲང་ངར་ཆེ་བའི་མཐའ་ཁུལ་དུ་གནས་ཡོད་པ་དང་། དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་ལ་གཏིང་ཚད་ཟབ་པས། དབུལ་ཐར་མཁྲེགས་གཏོར་འོས་འགན་དེ་ཧ་ཅང་གལ་ཆེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་འོས་འགན་དམ་འཛིན་བྱེད་པ། སྲིད་ཇུས་ལག་བསྟར་དངོས་འབེབ་བྱས་ཏེ་སྔར་ཡོད་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཅངས་ནས་སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་ཕྱུག་རྒྱུན་འཁྱོངས་བྱས་ཏེ། བོད་ཁུལ་གྱི་སྔོ་བསང་མཁའ་དབྱིངས་དང་དྭངས་གཙང་ཆུ་མོ། དྭགས་གཙང་མཁའ་དབུགས་བཅས་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།