ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་དབྱིན་ཅིའི་རྒྱལ་སྲས་ཨན་ཏི་ལུའུ་ལ་མཇལ་འཕྲད་གནང་།

སྤེལ་དུས། 2018-05-30 07:55:05   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་བརྟན་རྒྱལ།

1122907167_15275947062981n.jpg

ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱིན་ཅིའི་རྒྱལ་སྲས་ཨན་ཏི་ལུའུ་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་དགུའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱིན་ཅིའི་རྒྱལ་སྲས་ཨན་ཏི་ལུའུ་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་རྒྱལ་སྲས་ཨན་ཏི་ལུའུ་དང་དབྱིན་ཅི་རྒྱལ་བོ་ཚང་གིས་ཀྲུང་གོ་དང་དབྱིན་ཅིའི་བར་གྱི་མཛའ་མཐུན་འབྲེལ་བར་ཧུར་བརྩོན་རང་བཞིན་གྱི་སྐུལ་འདེད་བཏང་བར་བསྟོད་བསྔགས་མཛད། ཞི་ཅིན་ཕིང་གིས་བསྟན་དོན། བདག་གིས་ཉིས་སྟོང་བཅོ་ལྔ་ལོར་དབྱིན་ཅི་རྒྱལ་ཁབ་ལ་ཕུན་སུམ་ཚོགས་པའི་རྒྱལ་དོན་འཚམས་འདྲི་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྫོགས་ལྡན་དུས་རབས་སྒོ་མོ་ཕྱེས་པ་རེད། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་མོད། འོན་ཀྱང་ཀྲུང་གོ་དང་དབྱིན་ཅིའི་འབྲེལ་བའི་རྫོགས་ལྡན་དུས་རབས་མུ་མཐུད་ནས་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། དབུ་བཞུགས་བློན་ཆེན་ཐི་ལུའུ་ཧྲ་མེ་ཡིས་ད་ལོའི་ལོ་མགོར་ཀྲུང་གོར་ཕུན་སུམ་ཚོགས་པའི་འཚམས་འདྲི་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཅི་ཕྱོགས་དང་མཉམ་དུ་མཐོ་རིམ་འགོ་ཁྲིད་བར་འཚམས་འདྲི་བྱེད་པ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་པ་དང་། ནང་རྐྱེན་རང་བཞིན་གྱི་གྲོས་མོལ་བཟང་བོར་སྤེལ་ཏེ། ཀྲུང་གོ་དང་དབྱིན་ཅིའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་བགྲོད་ལམ་ཕྱོགས་སུ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད།  ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བདག་གསར་སྤེལ་གྱི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། གསར་སྐྲུན་འཁོར་བསྐྱོད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་དགོས། ཀྲུང་གོས་རྒྱ་སྐྱེད་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ་གསར་སྐྲུན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། རྒྱལ་ཁབ་གཉིས་ཀྱིས་ཚན་རྩལ་གསར་སྐྲུན་མཉམ་ལས་ལ་ཤུགས་བསྣན་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྫོགས་ལྡན་དུས་རབས་ལ་ནང་དོན་གསར་བ་སྣོན་དགོས་ཟེར།

ཨན་ཏི་ལུའུ་ཡིས་ཞི་ཅིན་ཕིང་གིས་མཇལ་འཕྲད་གནང་བར་བཀའ་དྲིན་ཞུས་པར་མ་ཟད། རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས།  ཨན་ཏི་ལུའུ་ཡིས་བསྟན་དོན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅོ་ལྔ་ལོར་དབྱིན་ཅི་རྒྱལ་ཁབ་ལ་ཕུན་སུམ་ཚོགས་པའི་རྒྱལ་དོན་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མཉམ་ལས་སྔར་ལས་རྒྱ་བསྐྱེད་པར་སྐུལ་འདེད་རང་བཞིན་གྱི་ནུས་པ་གལ་ཆེན་བཏོན་ཡོད། དབྱིན་ཅི་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་མགྱོགས་འཕར་སྣོན་མགྱོགས་པོ་ནས་རྒྱུ་སྤུས་མཐོ་བའི་ཕྱོགས་སུ་འཕེལ་བཞིན་པར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། བདག་གིས་མུ་མཐུད་ནས་རྒྱལ་ཁབ་གཉིས་བར་གྱི་ཚན་རྩལ་དང་གསར་སྐྲུན། ཐོན་ལས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བར་ཡར་སྐུལ་བཏང་ནས། དབྱིན་ཅི་དང་ཀྲུང་གོའི་རྫོགས་ལྡན་དུས་རབས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
དབྱང་ཅེ་ཁྲི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།