ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་དང་གྲོས་མོལ་མཛད།

སྤེལ་དུས། 2018-05-31 08:19:27   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

 1n.jpgཟླ་ལྔ་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་དང་གྲོས་མོལ་མཛད།
༢.jpgཟླ་ལྔ་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་དང་གྲོས་མོལ་མཛད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་པེ་ཅིན་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པ་འཛུགས་པར་གྲུབ་འབྲས་གསར་པ་བླངས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བཟང་པོའི་སྒོ་ནས་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གཅིག་གྱུར་སྒོས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ང་དང་སྤྱི་ཁྱབ་ཧྲུའུ་ཅི་པིན་དབྱང་གཉིས་ཀྱིས་ལོ་འགའི་རིང་ལ་ཐེངས་འགར་ཐུག་འཕྲད་བྱས་པ་དང་། ཉིས་སྟོང་བཅུ་བདུན་ལོར་ཕན་ཚུན་ལ་འཚམས་འདྲི་བྱས་ལ། ཕན་ཚུན་བར་དུ་བྱུང་བའི་ཐུན་མོང་གི་ལྟ་བ་མང་པོ་ནུས་ལྡན་གྱིས་དངོས་འབེབས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་ཡོད། ཉིས་སྟོང་བཅུ་གསུམ་ལོར་ངས་ཐོག་དང་པོར་ཀྲུང་གོ་དང་ལའོ་ཝའོ་ནི་ཐུན་མོང་གི་རིན་ཐང་རྒྱ་ཆེན་ལྡན་པའི་ལས་སྐལ་ཕུང་བོ་གཅིག་འདྲེས་ཀྱི་ཚོགས་པ་ཡིན་པའི་ལྟ་ཚུལ་ཐོག་མར་བཏོན་པར། ལའོ་ཝའོ་ཕྱོགས་ཀྱི་གཟེངས་བསྟོད་ཆེན་པོ་ཐོབ། ང་དང་སྤྱི་ཁྱབ་ཧྲུའུ་ཅི་པིན་དབྱང་བར་དུ་ཀྲུང་གོ་དང་ལའོ་ཝའོ་ཡིས་འཐབ་ཇུས་དོན་སྙིང་ལྡན་པའི་ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པ་འཛུགས་པར་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བར་མ་ཟད། དེ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་ནང་བཀོད་པར་ཏང་གཉིས་དང་རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བཅས་ཀྱི་ཁྲོད་དུ་ཁས་ལེན་རྒྱ་ཆེར་ཐོབ་ལ། དེས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་ཐོན་ནས། ཀྲུང་གོ་དང་ལའོ་ཝའོ་ཡི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཆེས་བཟང་པོར་སྐྱོད་པར་སྐུལ་འདེད་བཏང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ལའོ་ཝའོ་ཡི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པར་བསྟུན་ནས། ཕྱོགས་གཉིས་ཀྱིས་ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པའི་ཐུན་མོང་ལྟ་བ་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་དུ། ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པ་འཛུགས་པར་དམིགས་ནས། དེ་འདུ་ཤེས་ནས་འགུལ་སྐྱོད་དུ་བསྒྱུར་བ་དང་། ཕུགས་བསམ་ནས་དངོས་ཡོད་དུ་བསྒྱུར་ཏེ། ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་་ཏེ་འབྲས་བུ་སྨོན་པར་བྱེད་དགོས། གཅིག་ནས་འཐབ་ཇུས་ཀྱི་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཉིས་ནས་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ཏེ་ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པའི་ཁེ་ཕན་གྱི་འབྲེལ་ཐག་ཇེ་དམ་དུ་གཏོང་དགོས།གསུམ་ནས་བདེ་འཇགས་མཉམ་ལས་ལ་ཤུགས་བསྣན་ཏེ། ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་འི་བདེ་འཇགས་འགོག་ར་བརྟན་པོར་འཛུགས་དགོས བཞི་ནས་མི་གཞུང་བརྗེ་རེས་ལ་གསོན་ཤུགས་རྒྱས་པར་བྱས་ཏེ། ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པའི་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ལྔ་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ཏེ། ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པའི་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

པིན་དབྱང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ལའོ་ཝའོ་ཡི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་བློ་གཏད་ཆོག་པའི་གྲོགས་པོ་བཟང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་ནིང་ལའོ་ཝའོ་ལ་འཚམས་འདྲི་བྱེད་སྐབས་ངེད་གཉིས་བར་དུ་བྱུང་བའི་ཐུན་མོང་གི་ལྟ་བ་སྣ་ཚོགས་ཡོངས་སུ་དངོས་འབེབས་བྱེད་བཞིན་པའི་སྒང་ཡིན་ལ། དེས་ལའོ་ཝའོ་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་སུ་གཏོང་བར་ཁྲིད་སྟོན་བྱེད་བཞིན་ཡོད། ང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལའོ་ཝའོ་དང་ཀྲུང་གོའི་ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར་ལ་ཡོངས་སུ་འཐད་པ་དང་། ཏང་གཉིས་ཀྱི་འབྲེལ་བས་ལའོ་ཝའོ་དང་ཀྲུང་གོའི་འབྲེལ་བར་ཐོན་པའི་ཆབ་སྲིད་ཁྲིད་སྟོན་ནུས་པ་སྔར་ལས་བཟང་པོར་འདོན་པ་དང་། ཏང་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཀྱི་དུས་བཅད་ཐུག་འཕྲད་སྲུང་འཛིན་བྱེད་པ། ཏང་གི་འཛུགས་སྐྲུན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས། སྲིད་གཞུང་གི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་བཅས་ལ་ཤུགས་སྣོན་པ། ལའོ་ཝའོ་དང་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་འོག་གི་ལས་གཞི་ཆེན་པོ་མཉམ་ལས་མྱུར་དུ་སྤེལ་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ཇེ་དམ་དུ་གཏོང་བ་བཅས་བྱས་ཏེ། ལའོ་ཝའོ་དང་ཀྲུང་གོའི་བར་དུ་སྲ་ཞིང་བརྟན་པའི་སྤྱི་ཚོགས་རིང་ལུགས་ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པ་མཉམ་དུ་འཛུགས་སྐྲུན་བཟང་པོ་བྱས་ནས། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

གྲོས་མོལ་མཇུག་རྫོགས་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་མཉམ་དུ་འབྲེལ་ཡོད་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།

ཏེན་ཞེའོ་ཞང་དང་དབྱང་ཅེ་ཁྲི། ཁྲིན་ཞི། ཀྲའོ་ཁི་ཀྲི། ཧི་ལིས་ཧྥིན་སོགས་གོང་གི་བྱ་འགུལ་ལ་ཞུགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།