ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལིས་ཁི་ཆང་གིས་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་སྟེང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་བབ་ཀྱི་སྙན་ཞུ་ཕུལ།

སྤེལ་དུས། 2018-05-31 08:55:01   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

3.jpg ཟླ་ལྔ་པའི་ཚེས་ཉེར་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་བབ་ཀྱི་སྙན་ཞུ་ཕུལ།

ཟླ་ལྔ་པའི་ཚེས་ཉེར་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་བབ་ཀྱི་སྙན་ཞུ་ཕུལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་ཟབ་མོ་བྱེད་དགོས་པའི་ཐུགས་རེ་བཏོན། ཁོང་གིས་དུས་ཡུན་རིང་པོར་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་དང་ཚན་རྩལ་ལས་དོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་འབུར་ཐོན་བཞག་པའི་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་གུས་འདུད་བླ་མེད་ཞུས།

ལིས་ཁི་ཆང་གིས་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་མཛད། ཁོང་གིས་གསུངས་རྒྱུར། ད་ལོར་རང་རྒྱལ་གྱི་དཔལ་འབྱོར་བསྟུད་མར་གཏན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་ཏེ། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་འཕར་ཚད་བསྟུད་མར་དུས་ཚིགས་བཅུ་གཅིག་ལ་བརྒྱ་ཆའི་དྲུག་ཚེག་བདུན་ནས་བརྒྱ་ཆའི་དྲུག་ཚེག་དགུའི་བར་དུ་བརྟན་པོར་གནས་པ་དང་། མཁར་གྲོང་གི་གསར་དུ་ལས་ཞུགས་བྱས་ཚད་ན་ནིང་གི་དུས་མཉམ་དང་འདྲ་ལ། ཁེ་ལས་ཀྱི་ཁེ་སྤོགས་དང་ནོར་སྲིད་ཡོང་སྒོ་གྲངས་གནས་གཉིས་འཕར། ཟླ་སྔོན་མ་བཞི་ལ་ཉིན་རེར་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཁྲི་གཅིག་དང་སྟོང་དྲུག་བདུན་བརྒྱར་སླེབས་པ་དང་། འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་དཔལ་འབྱོར་སྒྲིག་གཞི་དང་སྒུལ་ནུས། འཕར་སྣོན་རྣམ་པ་བཅས་ལ་བསྟུད་མར་འགྱུར་ལྡོག་བཟང་པོ་བྱུང་ནས། དཔལ་འབྱོར་བཟང་ཕྱོགས་སུ་རྒྱུན་སྲིང་རང་བཞིན་གྱིས་འཕར། ཡིན་ནའང་རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་། སྔར་བཞིན་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱི་ཕྱོགས་ཁོར་ཡུག་རྙོག་འཛིང་ཆེ་བ་ལས་ངེས་གཏན་མིན་པའི་རྒྱུ་རྐྱེན་མང་པོ་བྱུང་བ་དང་། རྒྱལ་ནང་གི་དུས་ཡུན་རིང་པོར་བསགས་པའི་འགལ་བ་དང་འགྲན་རྩོད་གསར་བ་ཡང་འབུར་དུ་ཐོན་པ་གསལ་བོར་ཤེས་དགོས། ང་ཚོ་ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་དགོས་པར་མ་ཟད། བྲེལ་འཚུབ་མེད་པར་སྔར་བཞིན་དཀའ་སྤྱད་འབད་བརྩོན་བྱེད་དགོས། ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ལས་འགན་དང་པོར་འཛིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བྱེད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ནས། ཧུར་ཐག་གིས་ཁྲོམ་རའི་གསོན་ཤུགས་བསྐྱེད་པ་དང་། ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། ནང་མཁོའི་སྦས་ཤུགས་འདོན་པ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་བར་ཡར་སྐུལ་བྱེད་དགོས།

ལིས་ཁི་ཆང་གིས་གསུངས་རྒྱུར། མི་ཤུགས་འཇོན་མིའི་ཐོན་ཁུངས་ནི་ཀྲུང་གོ་འཕེལ་རྒྱས་ཀྱི་ཁྱད་སྟོབས་ཆེས་ཆེན་པོ་ཡིན་པས། ལས་ཞུགས་དམིགས་བསལ་དུ་འཛིན་པ་དང་ལས་ཞུགས་ལས་བརྩོན་ཞབས་ཞུ་ལེགས་སྒྱུར་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ལས་ཀ་བ་སོགས་མི་ཚོགས་གཙོ་བོའི་ལས་ཞུགས་བྱ་བ་ཏན་ཏིག་གིས་བཟང་པོར་བསྒྲུབ་དགོས། རང་རྒྱལ་གྱི་ལས་ཞུགས་མི་གྲངས་འབོར་ཆེན་ནི་འཕེལ་རྒྱས་ཀྱི་སྦས་ཤུགས་དྲག་པོ་ཡིན་པས། ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བསྐྱེད་ནས། ཁོ་ཚོའི་རེ་འདོད་འགྲུབ་པར་བྱེད་དགོས་པ་དང་ཁོ་ཚོར་འཇོན་ནུས་ངོམ་དུ་འཇུག་དགོས། སློབ་གསོ་དམིགས་བསལ་དུ་བཟུང་ནས་སློབ་གསོའི་མ་དངུལ་གཏན་འཇགས་ཀྱིས་འཕར་སྣོན་འབྱུང་བར་བྱེད་པ་དང་། འོས་འགན་སློབ་གསོ་འབུར་དུ་ཐོན་པར་བྱས་ཏེ་བཟང་པོར་འཛིན་པ། ལས་རིགས་སློབ་གསོའི་ཆུ་ཚད་དང་མཐོ་རིམ་སློབ་གྲྭའི་སྤུས་ཚད་མཐོར་འདེགས་བྱེད་པ། ཚེ་གང་བོར་སློབ་སྦྱོང་བྱེད་པར་སྐུལ་མ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རེ་བ་དང་འཚམ་པའི་ཚན་རིག་ཞིབ་འཇུག་དང་ལག་རྩལ་གྱི་འཇོན་མི་དང་ཐོན་ལས་བཟོ་པ་སོགས་སྐྱེད་སྲིང་བྱས་ཏེ། མི་ཤུགས་མ་རྩའི་བྱང་ཚད་མཐོར་འདེགས་བྱེད་དགོས།

ལིའུ་ཧི་དང་ཁྲིན་ཀྲུའུ། ཏེན་ཀྲུང་ལིས། ཝུའུ་ཝེ་ཧྭ། ཞའོ་ཅེ། ལུའུ་ཡུང་ཞང་། སང་གོ་ཝེ། སུང་ཅན། ཞུའུ་ཁོང་ཏིས། ཝང་ཀྲི་ཀྲིན། ཧན་ཆི་ཏི་བཅས་དང་། ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་སོགས་མི་སྟོང་ཅགིག་དང་སུམ་བརྒྱ་ལྷག་སྙན་ཞུ་ཚོགས་འདུར་ཞུགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།