ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོར་ཞུགས་ནས་གཏམ་བཤད།

སྤེལ་དུས། 2018-06-05 08:31:14   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་བརྟན་རྒྱལ།

1122935722_15281157309051n.jpg

ཟླ་དྲུག་པའི་ཚེས་བཞིའི་ཉིན། འཐབ་ཕྱོགས་གཅིག་གྱུར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བགྲོ་གླེང་འཛིན་གྲྭ་པེ་ཅིན་ནས་བསྡུས།

འཐབ་ཕྱོགས་གཅིག་གྱུར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཟླ་དྲུག་པའི་ཚེས་བཞིའི་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། ཁོང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པ་དང་བསྟུན་ནས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཁྲིར་གྱུར་བའི་འོས་འགན་སྔར་ལས་ཇེ་ལྕི་དང་གོ་གནས་དང་ནུས་པ་སྔར་ལས་གལ་ཆེན་དུ་གྱུར་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློའི་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་བཏང་ནས་ཀྲུང་གོ་གུང་ཁྲན་ཏང་གི་བྱེད་ཕྱོགས་སྲིད་ཇུས་སྣ་ཚོགས་འཐབ་ཕྱོགས་གཅིག་གྱུར་བརྒྱུད་ནས་ལག་བསྟར་དངོས་འབེབ་བྱེད་པ་དང་། ཕྱོགས་སོ་སོ་ནས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་བློ་གྲོས་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུ་བ། ཆེས་ཆེ་བའི་མཐོ་ཚད་ནས་མཐུན་སྒྲིལ་གྱི་སྟོབས་ཤུགས་དམ་སྦྲེལ་བྱེད་པ། ཕན་ཚུན་བར་གྱི་སྟོབས་ཤུགས་བརྩོན་ལེན་བཅས་བྱས་ཏེ། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འཕེལ་རྒྱས་སུ་གཏོང་བར་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཁྱབ་རྒྱ་ཆེ་བའི་ཆབ་སྲིད་མནའ་འབྲེལ་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རིན་བྲལ་ནོར་བུ་དེ་རེད། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དམ་པོར་འཛིན་པ་དང་། ལས་དོན་བགྲོད་ལམ་དང་ལམ་ལུགས། ཁ་ཕྱོགས་སོགས་གནད་དོན་སྟེང་གི་ལངས་ཕྱོགས་དང་རྩ་དོན་ལ་གཏན་ནས་འགྱུར་བ་ཡོད་མི་སྲིད། ནམ་ཡིན་ཡང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་འདུ་ཤེས་བཞི་སྲ་བརྟན་དུ་གཏོང་བ། ངེས་པ་དོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་ངོས་འཛིན་དང་བསམ་བློའི་ངོས་འཛིན། གཞུང་ལུགས་ངོས་འཛིན། བརྩེ་དུང་གི་ངོས་འཛིན་བཅས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཀྱི་ཁྱད་སྟོབས་ཆེན་པོ་དང་འོད་སྟོང་ལྡན་པའི་མདུན་ལྗོངས་ལ་ངེས་ཤེས་ཟབ་མོ་རྙེད་པར་བྱས་ཏེ། ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏང་ནས་རང་འགུལ་གྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་མཁན་དང་སྲུང་སྐྱོབ་མཁན་བྱེད་དགོས་ཟེར།

བགྲོ་གླེང་འཛིན་གྲྭར་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་འགོ་འཛིན་བྱས། ཝན་ཨུག་ཞང་དང་ཁྲིན་ཀྲུའུ། ཏིན་ཀྲུང་ལི། ཚེ་ཏ་ཧྥིན་སོགས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། ཁྲིམས་འཛིན་སྡེ་ཁག་དང་ས་གནས་སྲིད་གཞུང་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་པའི་འགན་ཁུར་ཡོད་པའི་ཏང་ཕྱིའི་ལས་བྱེད་པ་བཅས་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཉིན་དེར་ཝང་དབྱང་གིས་ད་རུང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་བྱ་བའི་སྙན་ཞུ་ལ་ཉན། ཁོས་བསྟན་དོན། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་ནི་འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་གནས་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས། སློབ་སྒྲུབ་ཁ་ཕྱོགས་དམ་འཛིན་བྱེད་པ་དང་འཐབ་ཕྱོགས་ཁྱད་ཆོས་ཇེ་དྲག་ཏུ་གཏོང་བ། ཞིབ་འཇུག་རྨང་གཞི་སྲ་བརྟན་དུ་གཏོང་བ། དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་པ་བཅས་བྱས་ཏེ། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྔར་ལས་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།