ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཡཱང་ཧྥིན་ཁྲོན་གྱིས་སྨྱུང་གྲོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་མུའུ་སི་ལིན་གྱི་འཐུས་ཚབ་མི་སྣར་འཚམས་འདྲི་བྱས།

སྤེལ་དུས། 2018-06-12 09:15:23   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། སྨྱུང་གྲོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡཱང་ཧྥིན་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཟི་ལིང་ཏུང་ཀོན་དབྱི་སི་ལན་ཆོས་ཁང་དང་ཞིང་ཆེན་ཡོངས་ཀྱི་མུའུ་སི་ལིན་གྱི་འཐུས་ཚབ་མི་སྣའི་ཁྱིམ་ཚང་དུ་འཚམས་འདྲི་བྱས།

ཏུང་ཀོན་དབྱི་སི་ལན་ཆོས་ཁང་དུ། ཡཱང་ཧྥིན་ཁྲོན་གྱིས་ཐོག་མར་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་འཚམས་འདྲི་བྱས་པ་དང་། དེའི་རྗེས་སུ་ཞིང་ཆེན་ཡོངས་ཀྱི་མུའུ་སི་ལིན་སྤུན་ཟླ་ཚོར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་མཛའ་བརྩེའི་གླེང་མོལ་བྱེད་སྐབས། ཡཱང་ཧྥིན་ཁྲོན་གྱིས་བཤད་རྒྱུར། ཏུང་ཀོན་དབྱི་སི་ལན་ཆོས་ཁང་གིས་ཏང་གི་བཀའ་ཁྱབ་བརྒྱུད་སྒྲོག་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་བཅས་བྱེད་པའི་ཁྲོད་བྱས་རྗེས་གསར་བ་འཇོག་དགོས། ཏུང་ཀོན་དབྱི་སི་ལན་ཆོས་ཁང་གིས་མུ་མཐུད་དུ་ཏང་གི་ཆོས་ལུགས་སྲིད་ཇུས་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་པར་བྱས་ནས། དགོན་སྡེར་བསྐྱོད་པ་བཞིའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བའི་བརྗོད་དོན་ཁོང་དུ་ཆུད་པར་བྱས་ནས། རྒྱ་ཆེའི་མུའུ་སི་ལིན་མང་ཚོགས་ཀྱིས་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཁྲང་ཆིན་དང་། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་འཐུས་ཚབ་མི་སྣ་མཱ་ཆིན་དང་། ཧྭན་ཞིན་ཝང་། ཧྭན་ཝུན་ལེན་བཅས་ཀྱི་ཁྱིམ་ཚང་དུ། ཡཱང་ཧྥིན་ཁྲོན་གྱིས་ཁོ་ཚོས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས། དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་དགོས་པའི་རེ་བ་བཏོན། མུའུ་སི་ལིན་གྱི་འཐུས་ཚབ་མི་སྣས་ཏང་དང་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མུའུ་སི་ལིན་མང་ཚོགས་ལ་ཐུགས་ཁུར་བྱས་པར་བཀའ་དྲིན་ཞུས་པ་མ་ཟད། རྒྱལ་གཅེས་ཆོས་གཅེས་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འགྲིག་མཐུན་ཡོང་བར་སྔར་ལས་སྐུལ་འདེད་བཏང་སྟེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་པའི་ཚུལ་བསྟན།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།