ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ལི་ཧྥེ་ལེ་ཕུའུ་ལ་མཇལ་འཕྲད་གནང་།

སྤེལ་དུས། 2018-06-26 07:57:37   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་བརྟན་རྒྱལ།

1123031786_15299039323021n.jpg

ཟླ་དྲུག་པའི་ཚེས་ཉེར་ལྔའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ལི་ཧྥེ་ལི་ཕུའུ་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་ལྔའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ལི་ཧྥེ་ལི་ཕུའུ་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་ཧྥེ་ལི་ཕུའུ་ཡིས་ཀྲུང་གོར་འཚམས་འདྲི་བྱས་པར་དགའ་བསུ་ཞུས་པ་དང་། ཙུང་ཐུང་མཱ་ཁི་ལུང་དང་སྐུ་ཞབས་ཙུང་ལི་གཉིས་ཀྱིས་ལོ་ཕྱེད་ཀྱི་ནང་ལ་སྔ་གཞུག་ཏུ་ཀྲུང་གོར་འཚམས་འདྲི་བྱས་པ་དེས། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་པ་མཚོན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད་པ་མངོན་མཚོན་བྱས་ཡོད།  མིག་སྔར་འཛམ་གླིང་ཡོངས་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་སྣ་ཚོགས་འབྱུང་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་རྐྱེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་བར་དུ་སྔར་ལས་བརྩི་བཀུར་དང་གཉིས་ཕན་མཉམ་ལས། བརྗེ་རེས་འཕེལ་རྒྱས་བཅས་ཀྱི་དཔེ་སྟོན་པ་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན། ཕྱོགས་གཉིས་ཀྱིས་གྲོགས་པོའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་ཕན་ཚུན་ལ་ཡིད་ཆེས་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་གལ་ཆེན་ལ་བརྩི་བཀུར་བྱེད་དགོས། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་སོ་སོའི་གྲོས་མོལ་ནང་རྐྱེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཕྱོགས་གཉིས་བར་གྱི་རྒྱུས་ལོན་ལ་སྐུལ་འདེད་གཏོང་བ་དང་ཡིད་ཆེས་གཏོང་ཟབ་ཏུ་གཏོང་དགོས། ཕན་ཚུན་བར་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྔ་མོ་ནས་ལྟ་ཚུལ་གཅིག་མཐུན་བྱུང་བའི་མཉམ་ལས་ཀྱི་ལྟ་ཚུལ་དང་གྲོས་མཐུན་སོ་སོ་ལག་བསྟར་དངོས་འབེབས་བྱས་ཏེ། ལས་གཞི་གལ་ཆེན་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཉམ་ལས་ཀྱི་འཕར་གྲངས་གསར་བ་གསོ་སྐྱོང་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་མཉམ་ལས་ཁྲོད་ཧུར་ཐག་གིས་ཞུགས་པར་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་། མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་བཅས་བྱེད་པའི་རྩ་དོན་གཞིར་བཟུང་ནས། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དེ་ཧྥ་རན་སི་དང་ཡོ་རོབ་གླིང་གི་འཕེལ་རྒྱས་འཐབ་ཇུས་དང་ནུས་ཡོད་སྒོས་སྦྲེལ་མཐུད་བྱེད་པ་མངོན་འགྱུར་བྱེད་དགོས། ཕྱོགས་གཉིས་ཀྱི་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཉམ་དུ་སྒྲེངས་ནས་འདྲ་མཉམ་དྲང་བདེན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་ཚད་གཞི་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས།

ཧྥེ་ལི་ཕུའུ་ཡིས་བསྟན་དོན། ཙུང་ཐུང་མཱ་ཁི་ལུང་གིས་ད་ལོའི་ལོ་མགོར་ཕུན་སུམ་ཚོགས་པའི་ངང་ནས་ཀྲུང་གོར་འཚམས་འདྲི་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གལ་ཆེན་རང་བཞིན་ཡང་བསྐྱར་མངོན་མཚོན་བྱས་པ་རེད། ཀྲུང་གོར་ཡུན་རིང་བའི་འཆར་འགོད་ཡོད་པར་མ་ཟད། བརྟན་བརླིང་ཏན་ཏིག་ཡིན་པས། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཀུན་གྱིས་ཡིད་སྨོན་བྱེད་བཞིན་ཡོད། ཧྥ་རན་སི་རྒྱལ་ཁབ་ཀྲུང་གོའི་ཕྱོགས་ཀྱི་འབྲེལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་བརྗེ་རེས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས། དམངས་བཀོལ་ཉིང་ནུས་དང་མཁའ་འགྲུལ་སོགས་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

དབྱང་ཅེ་ཁྲི་དང་ཝང་དབྱི། ཧི་ལི་ཧྥིན་སོགས་གོང་གི་བྱ་འགུལ་ལ་ཞུགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།