ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

སྤེལ་དུས། 2018-07-05 09:17:10   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཟླ་བདུན་པའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཚན་ཞིབ་མི་སྣའི་རང་བདག་དབང་ཆ་རྒྱ་སྐྱེད་པའི་བྱེད་ཐབས་གཏན་འཁེལ་བྱས་ཏེ་གསར་སྐྲུན་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ཞེས་བསྟན་པ་དང་། ལས་ཞུགས་བརྟན་འཇགས་སུ་གཏོང་བ་དང་རྒྱ་སྐྱེད་པའི་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་བཀོད་སྒྲིག་བྱས་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་སྲོལ་ཡིག་ལ་བཟོ་བཅོས་བྱས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ཚན་རིག་གླིང་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཚན་རྩལ་ཁྱབ་ཁོངས་ཀྱི་དབང་གཏོང་དང་དོ་དམ། ཞབས་ཕྱིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། དབང་ཆ་གཏོང་ཕོད་པ་དང་གང་ནུས་སྒོས་གཏོང་བའི་རེ་བ་ལྟར་ཚན་ཞིབ་མི་སྣར་མི་ཤུགས་དང་རྒྱུ་ཤུགས། ནོར་ཤུགས་བཅས་ཀྱི་རང་བདག་བཀོལ་སྤྱོད་དབང་ཆ་གནང་དགོས་པ་དང་། ཁོ་ཚོའི་བརྩོན་སེམས་གང་ལེགས་སྒོས་སྐུལ་ཞིང་གསར་སྐྲུན་གསོན་ཤུགས་ཇེ་ཆེར་གཏོང་བ་དང་སྒུལ་ནུས་གསར་བ་རྒྱ་ཆེར་གཏོང་དགོས་ཟེར།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་སྲོལ་ཡིག་ལ་བཟོ་བཅོས་བྱས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།