ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁུ་ལ་མཇལ་འཕྲད་གནང་།

སྤེལ་དུས། 2018-07-05 09:21:20   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

1.jpg 

ཟླ་བདུན་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁུ་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་མཱ་ཐི་ཝེ་ཡན་ཁུ་བརྒྱུད་དེ་ཙུང་ཐུང་ཕུའུ་ཅིན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཆེས་བཟང་པོར་སླེབས་ནས། རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འགྲོ་འོང་གི་མིག་དཔེ་བཙུགས་མོད། ད་ལོར། རྒྱལ་ཁབ་གཉི་གས་རང་རྒྱལ་ཁབ་ནང་ཁུལ་གྱི་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་ཡོངས་འགྲུབ་བྱས་ཏེ། རྒྱལ་ཁབ་དང་མི་རིགས་ཀྱི་སྟོབས་འབྱོར་དར་རྒྱས་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་དུ་གོམ་སྟབས་བརྟན་པོ་སྤོས་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ཡུན་རིང་པོར་བདེ་ཐང་དང་གཏན་འཇགས་སྒོས་རྨང་གཞི་བརྟན་པོ་བཏིངས། ང་ཚོས་ཕྱོགས་གཉིས་ཀྱི་གནད་སྨིན་སྲ་བརྟན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ལྡབ་འགྱུར་གྱིས་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་ཟབ་སྤེལ་བྱེད་པ། སྔར་བཞིན་ཕ་རོལ་བས་རང་གི་སྲོག་ཤིང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་པ། རྒྱལ་སྤྱིའི་ལས་དོན་དང་འཛམ་གླིང་གི་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་པ་བཅས་བྱས་ནས། འཛམ་གླིང་གི་ཞི་བདེ་གཏན་འཇགས་ཐད་བྱས་རྗེས་གལ་ཆེན་འཇོག་དགོས། ཕྱོགས་གཉིས་ཀྱིས་ཙུང་ཐུང་ཕུའུ་ཅིན་ངེད་གཉིས་བར་བྱུང་བའི་མཉམ་ལས་ཀྱི་ལྟ་བ་གལ་ཆེན་སྣ་ཚོགས་ནན་ཏན་གྱིས་དངོས་འབེབས་བཟང་པོ་བྱས་ཏེ། རྒྱུན་ཆད་མེད་པར་མཉམ་ལས་ཀྱི་འདུ་ཤེས་གསར་སྒྱུར་དང་མཉམ་ལས་ཀྱི་རྣམ་པ་གསར་སྐྲུན། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཅས་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བཟང་པོར་བདེ་སྐྱིད་བསྐྲུན་རྒྱུ་ནི་རེ་བ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་བརྗེ་རེས་རྐྱེན་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་སོང་ནས། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་མཉམ་ལས་སྤེལ་བར་ནུས་ལྡན་གྱི་ཁྲིམས་འཛུགས་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་དང་། ཐབས་ལམ་མང་པོའི་བརྗེ་རེས་སྟེགས་བུ་བཙུགས་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། ཁྲིམས་སྐྱོང་སྲིད་འཛིན་དང་ལྟ་སྐུལ་འགན་སྲུང་སོགས་ཕྱོགས་ནས་ཕན་ཚུན་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ། ཀྲུང་གོ་དང་ཨུ་རུ་སིའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འདུ་ཤེས་དར་སྤེལ་བྱེད་པ་བཅས་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྤྱི་ཚོགས་དང་དམངས་བློའི་རྨང་གཞི་སྔར་ལས་བརྟན་པོ་འདིང་རྒྱུ་ནི་རེ་བ་ཡིན།

མཱ་ཐི་ཝེ་ཡན་ཁུ་ཡིས་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས། ཁོ་མོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་མཛུབ་ཁྲིད་འོག་ཏུ། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བར་ཆུ་ཚད་མཐོན་པོའི་འཕེལ་རྒྱས་བྱུང་ཡོད། དེང་སྐབས་ཕྱོགས་གཉིས་ཀྱི་ལས་འགན་གལ་ཆེན་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དངོས་འབེབས་བཟང་པོ་བྱེད་རྒྱུ་དེ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་དེའི་ཐད་ནས་འབད་བརྩོན་བྱས་ཆོག ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཉམ་ལས་ཟབ་སྤེལ་དུ་བཏང་ནས། ཁྲིམས་འཛུགས་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་གྲོས་ཚོགས་རྩ་འཛུགས་ཀྱི་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་སྔར་ལས་བཟང་པོ་ཞུ་འདོད་ཡོད་ཟེར།

ཝང་ཁྲིན་མཇལ་འཕྲད་ལ་ཞུགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།