ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།

སྤེལ་དུས། 2018-07-05 09:28:07   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་བདུན་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཧྲང་པེན་ལ་ཐུག་འཕྲད་བྱས་པ་མ་ཟད་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།

ཐུག་འཕྲད་བྱེད་སྐབས། ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོ་སྤོ་སྒུལ་གྱིས་ལོ་ངོ་མང་པོའི་རིང་མཚོ་སྔོན་གྱི་འཕྲིན་གཏོང་ལས་དོན་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་སྤོ་སྒུལ་གྱིས་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་སྔོན་གྱི་ཆ་འཕྲིན་ཐོན་ལས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འབུར་ཐོན་བཞག་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་མ་ཟད། རིགས་སོ་སོའི་མང་ཚོགས་ཀྱིས་ཆ་འཕྲིན་ལས་དོན་བཅོས་སྒྱུར་དང་འཕེལ་རྒྱས་ཐད་ཀྱི་ཁེ་ཕན་ལོངས་སྤྱོད་བྱེད་ཐུབ་པ་བྱུང་ཟེར། ཁོས་བཤད་རྒྱུར། མིག་སྔར་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ལྔ་བཞི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ། བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་གསེབ་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། དམིགས་འབེན་དེ་མངོན་འགྱུར་བྱེད་ན། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐོར་ཞིག་གི་འདེགས་སྐྱོར་དང་སྣེ་ཁྲིད་དགོས། མཚོ་སྔོན་གྱི་ས་རྒྱ་ཆེ་ཞིང་ནམ་ཟླ་འཁྱག་པས། གཞི་གྲངས་ཆེན་པོ་དང་སྤྲིན་རྩིས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་འཚམ། ཆ་འཕྲིན་ཅན་ནི་འཕེལ་ཕྱོགས་ཆེན་པོ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་སྤོ་སྒུལ་གྱི་སྟེགས་བུ་ལ་རྒྱབ་བརྟེན་ནས། དཔལ་འབྱོར་གྱི་སྒུལ་ནུས་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་སྤོ་སྒུལ་གྱིས་བཅོས་སྒྱུར་གསར་གཏོད་ཀྱི་ཚོད་ལྟ་བྱེད་ས་མཚོ་སྔོན་དུ་འཛུགས་རྒྱུ་ནི་ང་ཚོའི་རེ་བ་ཡིན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱབ་སྐྱོར་བྱེད་ངེས་ཟེར། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་གོ་སྤོ་སྒུལ་མཚོ་སྔོན་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། བརྗེ་རེས་སྦྲེལ་མཐུད་ལ་ཤུགས་སྣོན་པ། མཉམ་ལས་གྲུབ་འབྲས་རྒྱ་སྐྱེད་པ། མཉམ་དུ་མཛེས་སྡུག་གི་མ་འོངས་གསར་སྐྲུན་བཅས་བྱེད་རྒྱུ་ཡིན་ཟེར།

ཧྲང་པེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་ཀྲུང་གོ་སྤོ་སྒུལ་ལ་སེམས་ཁུར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་སྤོ་སྒུལ་གྱིས་མཚོ་སྔོན་འཐབ་ཇུས་མཉམ་ལས་ཞིང་ཆེན་གལ་ཆེན་དང་མ་འོངས་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་ཁུལ་ཁོངས་གཙོ་བོར་བརྩིས་ནས། མཐོ་སྒང་གི་གཞི་གྲངས་ཆེན་པོའི་ལྟེ་གནས་འདྲེན་བྱེད་དུ་བྱེད་པ་དང་། ཀྲུང་གོ་སྤོ་སྒུལ་གྱི་མཉམ་འབྲེལ་དྲ་རྒྱའི་ལག་རྩལ་དང་ཐོན་ལས། ཉེར་སྤྱོད། ལས་རིགས་བརྒལ་བའི་མཉམ་བསྲེས་སོགས་ཕྱོགས་ཀྱི་གཞི་ཁྱོན་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། དྲ་རྒྱའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མྱུར་དུ་སྤེལ་བ། ཡངས་དྲ་ཁྱབ་གདལ་དང་མྱུར་ཚད་མཐོར་འདེགས་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱེད་པ། ཐོགས་མེད་དྲ་རྒྱའི་བཟོ་སྐྲུན་གལ་ཆེན་སྤེལ་བ། མཉམ་འབྲེལ་དྲ་སྣོན་གྱི་འགུལ་སྐྱོད་འཆར་གཞི་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་སྲིད་འཛིན་མཆན་འགོད་དང་རིག་གནས་གནས་སྐོར། སྐྱེ་ཁམས་སྲུང་སྐྱོབ། བདེ་འཇགས་འཛུགས་སྐྲུན། དབུལ་ཐར་མཁྲེགས་གཏོར་སོགས་བྱ་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་སྐྱེད་པ། ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི། དཔལ་འབྱོར་འགན་འཁྲི་ལག་བསྟར་བཟང་བོ་བྱེད་རྒྱུ་ཡིན་ཟེར།

གྲོས་མཐུན་འགོད་པའི་མཛད་སྒོ་སྟེང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་གི་ཙུང་ཚེ་གཞོན་པ་ཅན་ཆིན་གཉིས་ཀྱིས་མཉམ་དུ་གྲོས་མཐུན་སྟེང་མིང་བཀོད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།