ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཞིབ་བཤེར་ཚན་ཆུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་མི་འདེམ་མི་བཀོལ་ཐད་ཀྱི་སྐོར་ཞིབ་དང་ཞིབ་བཤེར་བྱ་བ་སྤེལ།

སྤེལ་དུས། 2018-07-05 09:44:03   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་གསེར་མཚོ།

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་མི་འདེམ་མི་བཀོལ་སྐོར་ཞིབ་ཞིབ་བཤེར་ཚན་ཆུང་གསུམ་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། མགོ་ལོག་ཁུལ་གྱི་མི་འདེམ་མི་བཀོལ་སྐོར་ཞིབ་ཞིབ་བཤེར་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དང་པོས་མི་སྣ་མངགས་ཏེ་ཚོགས་འདུར་ཞུགས། ཞིབ་བཤེར་ཚན་ཆུང་གིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བར་ཟུང་སྦྲེལ་བྱས་ཏེ། མགོ་ལོག་ཁུལ་དང་དེའི་ཁོངས་གཏོགས་ཀྱི་རྨ་ཆེན་དང་གཅིག་སྒྲིལ། པད་མ་བཅས་རྫོང་གསུམ་ནས་དུས་ཡུན་ཟླ་གཅིག་རིང་གི་མི་འདེམ་མི་བཀོལ་སྐོར་ཞིབ་ཞིབ་བཤེར་བྱ་བ་སྤེལ་རྒྱུ་རེད།

ཚོགས་འདུ་ལས་བསྟན་དོན། མི་འདེམ་མི་བཀོལ་སྐོར་ཞིབ་ཞིབ་བཤེར་བྱ་བ་སྤེལ་བ་ནི། གཙོ་བོ་སྐོར་ཞིབ་བྱེད་སའི་མི་འདེམ་མི་བཀོལ་ཐད་ཀྱི་འབུར་ཐོན་གནད་དོན་དང་ལས་བྱེད་པས་ཁག་ཁུར་མི་བྱེད་པ་དང་བྱ་བ་མི་བསྒྲུབ་པའི་གནད་དོན་རྙེད་པར་བྱས་ནས། ཁ་གཏད་རང་བཞིན་གྱི་དག་ཐེར་ཡོ་བསྲང་བསམ་འཆར་འདོན་པ་དང་། སྐོར་ཞིབ་བྱེད་སའི་མི་འདེམ་མི་བཀོལ་བྱ་བ་ཚད་ལྡན་ཅན་དུ་གཏོང་བར་སྐུལ་འདེད་དང་ལས་བྱེད་པས་འགན་ཁུར་ཕོད་པར་སྐུལ་འདེད་བྱེད་པའི་ཆེད་ཡིན། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞིབ་བཤེར་བྱས་པའི་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག རྒྱ་ཆེའི་ལས་བྱེད་པས་ཏང་གི་ལས་དོན་ལ་འགན་ཁུར་བ་དང་འགོ་ཁྲིད་ལས་བྱེད་པར་མི་སྒེར་གྱི་འགན་ཁུར་གྱི་རྣམ་འགྱུར་བཟུང་ནས། ནན་ཏན་གྱིས་ཞིབ་བཤེར་ཇུས་གཞི་དང་འབྲེལ་ཡོད་རེ་བ་ལྟར། དངོས་ཐོག་བདེན་འཚོལ་དང་། དོན་དངོས་དང་མཐུན་ཞིང་དྲང་གཞག་ངང་གནད་དོན་ཞུ་གཏུག་བྱེད་པ་དང་གནས་ཚུལ་ཚུར་སྣང་བྱེད་པ། ལས་བྱེད་པར་དཔྱད་འཇོག་བྱེད་དགོས་ལ། ངེས་པ་དོན་གྱིས་སྐོར་ཞིབ་ཞིབ་བཤེར་མཇུག་འབྲས་དངོས་ཡོད་གནས་ཚུལ་ཁྲོད་བཀོལ་སྤྱོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྐོར་ཞིབ་བྱེད་སའི་མི་འདེམ་མི་བཀོལ་བྱ་བར་སྐུལ་འདེད་བྱེད་དགོས་ཟེར།

མགོ་ལོག་ཁུལ་ཨུའི་འགན་ཁུར་བློ་མཐུན་གྱིས་ཁུལ་ཨུའི་ཚབ་བྱས་ཏེ་མི་འདེམ་མི་བཀོལ་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་ཤུགས་འགན་འཁྲི་ལག་བསྟར་བྱེད་པའི་མཐོ་ཚད་ནས་འགྲེང་སྟེ། ཧུར་ཐག་གིས་མི་འདེམ་མི་བཀོལ་སྐོར་ཞིབ་ཚན་ཆུང་གི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། དངོས་ཐོག་བདེན་འཚོལ་གྱིས་ཞིབ་བཤེར་ཚན་ཆུང་ལ་གནད་དོན་ཚུར་སྣང་བྱེད་པ་དང་། དོན་དངོས་དང་མཐུན་པ་དང་དྲང་གཞག་སྒོས་བསམ་འཆར་འདོན་པ་དང་ལྟ་ཚུལ་བཤད་དགོས། གནས་ལུགས་གང་རུང་དང་ཁ་གཡོར་ས་བཙལ་ནས་ཞིབ་བཤེར་ཚན་ཆུང་གི་བྱ་བར་གཏན་ནས་གནོད་སྐྱེལ་མི་སྲིད། ཞིབ་བཤེར་ཚན་ཆུང་གིས་བཏོན་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། ནན་ཏན་གྱིས་ཞིབ་འཇུག་བྱས་ཏེ། རིམ་པ་རེ་རེ་བཞིན་འགན་འཁུར་བགོ་བ་དང་གནད་དོན་གསལ་ཁྲ་འཛུགས་པ། དག་ཐེར་ཡོ་བསྲང་བྱེད་པའི་དུས་བཀག་གསལ་བོར་བྱས་ནས། ངེས་པ་དོན་གྱིས་ཞིབ་བཤེར་བྱེད་ཞོར་དག་ཐེར་ལེགས་བཅོས་བྱེད་པ་དང་ཤེས་མ་ཐག་ལེགས་སྒྱུར་བྱས་ཏེ། དག་ཐེར་ཡོ་བསྲང་གི་བྱ་བ་སོ་སོ་དོན་འཁྱོལ་དུ་འཁྱོར་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།