ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཧན་ཀྲིན་གྱིས་ཧའེ་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་དེ་ཧའེ་ནན་གྱི་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

སྤེལ་དུས། 2018-07-05 09:45:46   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

 ཟླ་བདུན་པའི་ཚེས་གཅིག་ཉིན་ནས་ཚེས་གསུམ་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཧའེ་ནན་གྱི་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཧའེ་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཧའེ་ནན་གྱི་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། ཧན་ཀྲིན་གྱིས་བསྟན་དོན། ཧའེ་ནན་དཔལ་འབྱོར་དམིགས་བསལ་ས་ཁུལ་ལ་བཅོས་སྒྱུར་སྒོ་འབྱེད་ཀྱི་ལས་འགན་གསར་པ་གནང་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་དང་དངོས་སུ་བཀོད་སྒྲིག། དངོས་སུ་སྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་འགྲེངས་པ། ཧའེ་ནན་གྱི་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཧའེ་ནན་འདི་དུས་རབས་གསར་པའི་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་ཚད་ཐིག་གསར་པ་རུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། འཐབ་ཇུས་གནས་ཐིག་གསར་བ་ཡིད་ལ་ངེས་སུ་འཇུག་རྒྱུ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་ལས་དོན་ལ་དམ་པོར་དམིགས་ནས། རྨང་རྐང་བརྟན་པོའི་སྒོ་ནས་རང་དབང་ཉོ་ཚོང་གི་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རིམ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་དབང་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བར་འཚོལ་དཔྱོད་དང་དེར་རྨང་རྐང་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་ལས་དོན་ལ་དམ་པོར་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་ཆེས་གཟབ་ནན་ཅན་ལག་བསྟར་བྱས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཉམས་མྱོང་གསར་བ་བསྡུ་ལེན་བྱེད་དགོས། རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས་བསྐྲུན་པར་དམ་པོར་དམིགས་ནས། རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། ཧུར་བརྩོན་ཆེན་པོས་ཡུལ་སྐོར་འཛད་སྤྱོད་ཀྱི་ལས་རྣམ་གསར་བ་དང་ཚ་ཤོས་གསར་བ་གསོ་སྐྱོང་བྱེད་དགོས། རྒྱལ་ཁབ་འཐབ་ཇུས་གལ་ཆེན་གྱི་ཞབས་ཞུ་འགན་སྲུང་ས་ཁུལ་འཛུགས་སྐྲུན་བྱ་བར་དམ་པོར་དམིགས་ནས། ཁྱོན་ཡོངས་ནས་འདེགས་སྐྱོར་དང་འགན་སྲུང་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། ཧའེ་ནན་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། བྱ་བ་ཡར་ལྡན་དུ་སྤེལ་བར་ཕན་པའི་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་འཛུགས་དགོས། འཇོན་ཐང་མི་སྣའི་འཕེལ་རྒྱས་ལམ་ལུགས་ལེགས་པོ་ཞིག་འཛུགས་དགོས། འཆར་འགོད་སྔོན་དུ་འགྲོ་བ་དང་འཆར་འགོད་ཀྱིས་སྣེ་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་ཡོང་བར་འགན་ལེན་ཁག་ཐེག་བྱས་ནས། ཧའེ་ནན་གྱི་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་རྣམ་པ་གསར་གཏོད་བྱེད་དགོས་ཟེར།

ཧུའུ་ཁྲུན་ཧྭ་དང་ཧི་ལིས་ཧྥུན་གཉིས་གོང་གསལ་བྱ་འགུལ་ལ་ཞུགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།