ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལིས་ཁི་ཆང་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་ཁ་པར་བཏང་།

སྤེལ་དུས། 2018-07-05 10:09:58   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཞི་ཉིན་དུས་བཅད་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁི་ལ་ཁ་པར་བཏང་།

ལིས་ཁི་ཆང་གིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་གནས་བབ་སྣེ་མང་རྙོག་འཛིང་ཆེ་ལ། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་མགོ་བོ་དགྱེ་བཞིན་ཡོད་ཅིང་། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྱང་གཅིག་མཐུན་ལྟ་བ་གཅིག་བསྡུས་བྱེད་འོས་ལ། ལག་གདང་མཉམ་སྦྲེལ་གྱིས་འགྲན་བཙུགས་ཆོག ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་གསར་བའི་མཇལ་འཕྲད་ཀྱིས། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་དངུལ་གཏོང་གྲོས་མཐུན་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ནས་གྲུབ་འབྲས་ངོ་མ་བླངས་ཏེ། ཕྱོགས་མང་རིང་ལུགས་དང་། ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་བཅས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ལ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་ནས། ཕྱི་ཕྱོགས་ལ་མིའི་རིགས་ཡར་ཐོན་གྱི་རླབས་རྒྱུན་ནི་མུ་མཐུད་མདུན་ནས་མདུན་དུ་སྐྱོད་ཀྱིན་པ་གསལ་བསྒྲགས་བྱེད་དགོས་ཟེར།

མི་འགྱངས་པར་བསྡུ་ལ་ཉེ་བའི་ཀྲུང་གོ་དང་དབུས་ཤར། ཡོ་རོབ་གླིང་བཅས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཕྲད་ཐེངས་བདུན་པའི་སྐོར་གླེང་སྐབས། ལིས་ཁི་ཆང་གིས་བསྟན་དོན། རྒྱལ་ཁབ་དེ་དག་གི་མཉམ་ལས་ནི་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་དང་ཕན་ལྡན་ཁ་གསབ་ཅིག་ཀྱང་ཡིན་ལ། ཡོ་རོབ་གླིང་དོ་མཉམ་འཕེལ་རྒྱས་ཡོང་བ་དང་གཞི་གཅིག་ཅན་གྱི་ངང་འཕེལ་རྒྱས་འགྲོ་བར་ཕན་པ་ཡོད་ཟེར།

རུང་ཁི་ཡིས་བསྟནདོན། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་སོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོ་གཉིས་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཕྲད་ལ་གྲུབ་འབྲས་གསར་བ་ལེན་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།