ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

སྤེལ་དུས། 2018-07-11 01:56:36   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

 ས་དེའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པོ་ལིན་གྱི་ཙུང་ཐུང་བཞུགས་ཤག་ནས་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མའེ་ཨར་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཧྲི་ཐའེ་དབྱིན་མའེ་ཨར་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད། ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་མུ་མཐུད་དུ་ཆུ་ཚད་མཐོན་པོ་དང་མགྱོགས་མྱུར་སྒོས་གོང་འཕེལ་དུ་འགྲོ་བཞིན་ཡོད་ལ། ཕྱོགས་གཉི་ག་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས། བྱ་སྤྱོད་ངོ་མས་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་འཚོང་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པའི་བརྡ་སྟོན་པར་འཐད་པ་བྱུང་ཡོད། ཀྲུང་གོས་འཇར་མན་བར་དུ་མཐོ་རིམ་འགྲོ་འོང་མུ་མཐུད་དུ་སྲུང་འཛིན་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ་དང་། ཐུན་མོང་གི་ཁེ་ཕན་ཆེས་ཆེན་པོ་འཚོལ་ཞིབ་བྱེད་པའི་མཉམ་ལས་ཀྱི་དཔེ་སྟོན་བྱེད་འདོད་ཡོད་ཟེར།

ཞའོ་ཅེ་དང་ཧི་ལིས་ཧྥེང་གཉིས་གོང་གི་བྱ་འགུལ་ལ་ཞུགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།