ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་སའེ་ནེ་ཀལ། རུ་ཝང་ཏ། ཨ་ཧྥེ་རི་ཁ་ལྷོ་མ་བཅས་ལ་རྒྱལ་དོན་འཚམས་འདྲི་མཛད་རྒྱུ་མ་ཟད་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་པར་ཞུགས་རྒྱུ་རེད།

སྤེལ་དུས། 2018-07-13 09:50:20   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

 ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་ཧ་ལེ་ཧྥ་དང་། སའེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་ལེ། རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁཱ་ཅ་མཱེ། ཨ་ཧྥེ་རི་ཁ་ལྷོ་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་བཞི་ཉིན་བར་གོང་གི་རྒྱལ་ཁབ་བཞི་ལ་རྒྱལ་དོན་འཚམས་འདྲི་མཛད་རྒྱུ་རེད།

ཨ་ཧྥེ་རི་ཁ་ལྷོ་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཨ་ཧྥེ་རི་ཁ་ལྷོ་མའི་ཡེའོ་ཧན་ནེ་སི་པའོ་ནས་བསྡུ་རྒྱུ་ཡིན་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་པར་ཞུགས་རྒྱུ་རེད།

གོང་གི་རྒྱལ་ཁབ་བཞི་ལ་རྒྱལ་དོན་འཚམས་འདྲི་མཛད་པ་མ་ཟད་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་པར་ཞུགས་ནས་ཕྱིར་ཕེབས་པའི་ལམ་བར་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་མོ་རི་ཐུའུ་སི་རྒྱལ་ཁབ་བརྒྱུད་རྒྱུ་ཡིན་པར་མ་ཟད་རྒྱལ་ཁབ་དེར་མཛའ་མཐུན་འཚམས་འདྲི་མཛད་རྒྱུ་རེད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།