ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགན་ཁུར་ཡུན་སྐོར་གྱི་བསམ་འཆར་དཔར་ནས་བཀྲམ།

སྤེལ་དུས། 2018-07-13 10:00:20   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

 ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཏང་གི་གཞི་རིམ་རྩ་འཛུགས་འགན་ཁུར་ཡུན་སྐོར་གྱི་བསམ་འཆར་དཔལར་ནས་བཀྲམ་པར་མ་ཟད་བརྡ་སྦྱོར་བཏང་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་སྦྲེལ་ནས་དེ་ལག་བསྟར་དངོས་འབེབས་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་དུ། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་སྤྱིའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྐབས་རེ་རེའི་འགན་ཁུར་ཡུན་ལོ་གསུམ་ནས་ལྔ་བར་ཡིན་ཞེས་གཏན་ཁེལ་བྱས་ཡོད། ཏང་གི་སྒྲིག་ཡིག་གི་གཏན་ཁེལ་ལག་བསྟར་དངོས་འབེབས་བྱེད་པ་དང་། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ། ཏང་གི་རྩ་འཛུགས་ལམ་ལུགས་ནན་མོར་གཏོང་བ། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགན་ཁུར་ཡུན་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཆེད་དུ། བསམ་འཆར་དེའི་ནང་དུ། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཁུར་ཡུན་སྤྱིར་བཏང་གིས་ལོ་ལྔ་ཡིན་ལ། ཏང་གི་སྤྱིའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཁུར་ཡུན་སྤྱིར་བཏང་གིས་ལོ་གསུམ་ཡིན། དེའི་ནང་དུ་སྡེ་བ་དང་སྡོད་ཁུལ་གྱི་ཏང་གི་ཨུ་ཡོན་ལྷན་ཁང་དང་། སྤྱིའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྐབས་རེའི་འགན་ཁུར་ཡུན་ལོ་ལྔ་ཡིན་ཞེས་བསྟན་ཡོད་པ་དང་།
ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་འགན་ཁུར་ཡུན་གྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། འགན་ཁུར་ཡུན་ལོངས་ཚེ་དུས་ལྟར་དུ་སྐབས་བརྗེའི་འདེམ་བསྐོ་བྱེད་དགོས་ལ། གལ་ཏེ་འགན་ཁུར་ཡུན་གྱི་དུས་དང་ཡང་ན་སྔོན་ལ་སྐབས་བརྗེའི་འདེམ་བསྐོ་བྱ་དགོས་ན། གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་འགོད་པར་སྤྲོད་དགོས་པ་དང་། རྗེས་སུ་བསྣུར་བ་དང་ཡང་ན་སྔོན་ལ་བསྣུར་བའི་དུས་ཚོད་སྤྱིར་བཏང་གིས་ལོ་གཅིག་ལས་བརྒལ་མི་ཆོག་ཅེས་བསྟན་ཡོད།

བསམ་འཆར་འདི་ཁྱབ་བསྒྲགས་བྱས་པའི་ཉིན་མོ་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས་པ་དང་། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགན་ཁུར་ཡུན་གྱི་གཏན་ཁེལ་གཞན་དག་བསམ་འཆར་འདི་དང་གཅིག་གྱུར་མིན་ཚེ། བསམ་འཆར་འདི་གཞིར་བཟུང་ནས་ལག་བསྟར་བྱ་དགོས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།