ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2019.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དང་པོའི་ཚེས་བདུན་ཉིན།  ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཐུང་ཏི་ཡིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ་ནས་གཏམ་བཤད་གནང་།

གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་བསམ་བློའི་འཛུགས་སྐྲུན་ཨང་དང་པོར་འཇོག་པ་དང་།  བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་དང་ལེན་བྱས་ཏེ་ཏང་ཡོངས་ཀྱིས་ནུས་ཤུགས་ཡོད་དགུ་བཏོན་ནས་སྲིད་ཞུགས་སྲིད་གླེང་གཙིགས་འཛིན་བྱེད་པའི་བླང་བྱ་གལ་ཆེན་དངོས་འབེབ་གཏིང་ཟབ་བྱེད་པ་དང་།  བརྟག་དཔྱད་ཞིབ་འཇུག་དང་བློ་འདོན་ཇུས་འབུལ་བྱེད་པ་ཧུར་ཐག་བསྒྲུབས་ནས་ཕྱོགས་ཡོངས་ནས་བྱམས་བརྩེ་ཡི་ཕྱག་ཟུང་ཅེས་པའི་སྤྱི་ཚོགས་ཞབས་ཞུའི་མ་ལག་ཅིག་བསྐྲུན་དགོས།  དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོའི་ལྟ་སྐུལ་བྱ་བ་ནན་ཏན་སྒོས་བསྒྲུབ་པ་དང་།  ཀྲུང་གུང་ཀྲུང་དབྱང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་གཅིག་ཅན་བདུན་གྱི་བླང་བྱ་ལྟར་ཕྱོགས་ཡོངས་ནས་རང་ངོས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བྱེད་དགོས་ཟེར།

ལིག་ཐུང་ཏི་ཡིས་ནན་གྱིས་བསྟན་དོན།  ཉིས་སྟོང་བཅུ་དགུ་ལོར་གོ་མིན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་བཅས་ཀྱིས་མཛུབ་སྟོན་འོག  བསམ་བློའི་ངོས་ཟིན་གཅིག་གྱུར་མཐོར་འདེགས་གཏོང་བ་མངོན་འགྱུར་བྱེད་པ།  ལྔ་བཞིའི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གི་ཕྱོགས་ཡོངས་ལ་དམིགས་ནས།  རང་འགན་གཙང་སྒྲུབ་བྱ་བར་བྱས་རྗེས་གསར་བ་འཇོག་པར་སྐུལ་འདེད་གཏང་བ་དང་།  རིགས་སོ་སོའི་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས་ཟེར།