ལིས་ཁི་ཆང་གིས་ཨ་མེ་རི་ཁའི་ཐི་སི་ལཱ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་མཱ་སི་ཁི་ལ་མཇལ་འཕྲད་གནང་།
2019.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དང་པོའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་ཐི་སི་ལཱ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་མཱ་སི་ཁི་ལ་མཇལ་འཕྲད་གནང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས་དགུ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་ཐི་སི་ལཱ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་མཱ་སི་ཁི་ལ་མཇལ་འཕྲད་གནང་། 

ལིས་ཁི་ཆང་གིས་ཐི་སི་ལཱ་ཧྲང་ཧེ་བཟོ་གྲྭ་ཉེ་སྔོན་འཛུགས་སྐྲུན་བྱེད་འགོ་བརྩམས་པར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། འདི་ནི་ཀྲུང་གོའི་ནུས་ཁུངས་གསར་པའི་རླངས་འཁོར་གྱི་ཁྱབ་ཁོངས་སུ་ཕྱི་ཕྱོགས་ཀྱི་མ་དངུལ་བཏང་རྗེས་ཐོག་དང་པོར་ཕྱི་རྒྱལ་གྱི་ཚོང་བ་གཅིག་པུས་མ་དངུལ་བཏང་བའི་ལས་གཞི་ཞིག་ཡིན། ཐི་སི་ལཱ་ཀུང་ཟི་དེ་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་དུ་ཟབ་ཞུགས་བྱེད་མཁན་དང་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་མཁན་དུ་འགྱུར་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།

 མཱ་སི་ཁི་ཡིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་ཚད་དང་ལས་སྒྲུབ་ལས་ཆོད་ཀྱིས་སྣང་བརྙན་ཟབ་མོ་བསྐྲུན་ཡོད་པ་དང་། དུས་ཚོད་ཐུང་ངུ་འདི་ལྟ་བུ་ཞིག་གི་ནང་དུ་རླངས་འཁོར་བཟོ་གྲྭའི་གོ་རིམ་ཡོད་ཚད་འགོ་རྩོམ་རྒྱུ་ཡོངས་འགྲུབ་བྱས་པ་ནི་བློ་ཡིད་ལ་ཤོང་དཀའ་བ་ཞིག་རེད་ཟེར། 

ཧི་ལི་ཧྥིན་མཇལ་འཕྲད་ལ་ཞུགས།