མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2019.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24


ཟླ་དང་པོའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། ཚོགས་ཆེན་གྲ་སྒྲིག་ཚན་ཆུང་གི་ཚན་ཁག་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། གཅིག་ནས་བསམ་བློའི་སྟེང་ཧ་ཅང་མཐོང་ཆེན་བྱེད་དགོས། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། གྲོས་དོན་གལ་ཆེ་ཞིང་གཞི་ཁྱོན་ཧ་ཅང་ཆེ་བས། སྡེ་ཁག་སོ་སོ་དང་ཕྱོགས་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། དོ་སྣང་བྱེད་པ། འགན་འཁྲི་ལག་བསྟར་བྱེད་པ། སྣང་ཚུལ་གསར་བ་དང་སྣང་བརྙན་གསར་བ་མངོན་པར་བྱས་ནས། ཞབས་ཞུ་འགན་སྲུང་གི་བྱ་བ་བཟང་བོར་བསྒྲུབ་དགོས། གཉིས་ནས་ཞིབ་ཆ་དོ་སྣང་ཆེན་པོ་བྱེད་དགོས། གསུམ་ནས་མཐུན་སྦྱོར་བརྗེ་རེས་ལ་ཤུགས་སྣོན་དགོས། བཞི་ནས་རེ་བ་ནན་མོ་དང་སྒྲིག་ལམ་དམ་པོ་རྒྱུན་འཁྱོངས་བྱེད་དགོས་ཟེར།