ཝང་དབྱང་གིས་འགོ་མཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2019.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིན་ནས་ཚོགས་ཏེ། མཉམ་སྤྱོད་དཔལ་འབྱོར་གྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུ་ལ་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་པེ་ཅིན་ནས་ཚོགས་ཏེ། མཉམ་སྤྱོད་དཔལ་འབྱོར་གྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུ་ལ་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་དགོས་མཁོ་བསྐོང་རྒྱུ་དམིགས་འབེན་བྱེད་པ། གསར་གཏོད་ལ་སྐུལ་འདེད་དང་བཟོད་སྒོམ་གཟབ་ནན་ཁ་ཕྱོགས་སུ་འཛིན་པ། མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཚད་ལྡན་དུ་བསྒྱུར་བ་དང་ཚད་ལྡན་ཁྲོད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཨུ་ཡོན་དང་ཆེད་མཁས་པ། ཁེ་ལས་ཀྱི་འཐུས་ཚབ་པ་བཅུ་གསུམ་གྱིས་མཉམ་སྤྱོད་དཔལ་འབྱོར་གྱི་བཅོས་སྐྱོང་རྐྱེན་སྲོལ་དང་ལྟ་སྐུལ་དོ་དམ་བྱེད་ཐབས། ལམ་ལུགས་འགན་སྲུང་། ཁྲིམས་ལུགས་ཁྲིམས་སྲོལ་དང་ཡིད་རྟོན་མ་ལག་འཛུགས་སྐྲུན་སོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱད་ཅུ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་འགན་སྒྲུབ་སྟེགས་བུའི་སྟེང་རང་ཉིད་ཀྱི་བསམ་འཆར་བརྗོད། ཨུ་ཡོན་ཚོས་འབྲེལ་ཡོད་ཕྱོགས་ཀྱིས་འབད་འཐབ་འོག རང་རྒྱལ་གྱི་མཉམ་སྤྱོད་དཔལ་འབྱོར་གྱི་གཞི་ཁྱོན་རྒྱུན་མཐུད་ངང་ཇེ་ཆེར་སོང་བ་དང་། སྤུས་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་ལ། གསར་གཏོད་གསར་སྐྲུན་གྱི་ཚད་ཀྱང་ཇེ་བཟང་དུ་སོང་ནས། དཔལ་འབྱོར་ཚུལ་བསྒྱུར་འཕེལ་རྒྱས་དང་ལས་ཞུགས་རྒྱ་སྐྱེད་པའི་ཐད་སྒུལ་ཤུགས་ཆེན་པོ་བསྩལ་བ་དང་། ཁྱབ་ཁོངས་ཁ་ཤས་ནས་འཛམ་གླིང་གི་ཡང་རྩེས་སོན་ཡོད། གསར་སྐྱེས་སྐྱེ་དངོས་ཡིན་པའི་ཆ་ནས། མཉམ་སྤྱོད་དཔལ་འབྱོར་ཐད་ནས་ཀྱང་མདུན་སྐྱོད་ཁྲོད་ཀྱི་གནད་དོན་དང་འཆར་ལོངས་ཁྲོད་ཀྱི་སུན་སྣང་ལ་འཕྲད་པ་དང་། དཔེར་ན་དངུལ་གཏོང་འཕེལ་རྒྱས་ཀྱི་ནུས་པ་མི་འདང་པ་དང་། ལྟ་སྐུལ་དོ་དམ་མ་ལག་ལུགས་མཐུན་མིན་པ། ཞབས་ཞུའི་འགན་སྲུང་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་གནས་ཟེར།

ཨུ་ཡོན་སྐོར་ཞིག་གིས། མཉམ་སྤྱོད་དཔལ་འབྱོར་སློབ་གསོ་དང་རྒན་གསོ། སྨན་བཅོས་སོགས་ཁྱབ་ཁོངས་ནས་མྱུར་དུ་བཀོལ་སྤྱོད་བྱེད་པ་དང་། བཟོ་སྐྲུན་ལས་རིགས་ཀྱིས་ཐོན་ནུས་མཉམ་སྤྱོད་ཀྱི་སྟེགས་བུ་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས། མཉམ་སྤྱོད་སྟེགས་བུའི་ཡིད་རྟོན་མ་ལག་འཛུགས་སྐྲུན་ཁྲོད་ཀྱི་དབང་ཆ་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། མི་སྒེར་གྱི་གསང་བའི་ཆ་འཕྲིན་སྲུང་སྐྱོབ་བྱེད་ཚད་ཆེ་རུ་གཏོང་བ། ཡིད་རྟོན་ཟིན་ཐོ་དང་ཉེན་ཁ་སྔོན་བརྡ་སོགས་ཆ་འཕྲིན་དྲ་ཐོག་ནས་ཁྱབ་བསྒྲགས་བྱེད་པར་ཤུགས་བསྣན་ནས། ཕྱོགས་མང་པོ་དེའི་ཁྲོད་ཞུགས་པའི་སྐུལ་སློང་དང་ཡིད་ཆེས་ཤོར་བའི་ཆད་གཅོད་མཉམ་འགུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲིན་ཙུའུ་ཡིས་གཏམ་བཤད། འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱི་འགན་ཁུར་མི་སྣས་ཡུལ་དངོས་ནས་བསམ་བློ་བརྗེ་རེས་བྱས།