རྒྱལ་ཡོངས་སྲིད་གྲོས་ཀྱིས་སྐུ་གཤེགས་པའི་མི་སྣ་གྲགས་ཅན་གྱི་ལྕམ་མོ་གདན་ཞུ་བྱས་ནས2019ལོའི་ལོ་སར་ཇ་སྟོན་ཚོགས་འདུ་བསྡུས།
2019.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 72

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྲིད་གྲོས་ཚོམས་ཆེན་ནང་སྐུ་གཤེགས་པའི་མི་སྣ་གྲགས་ཅན་གྱི་ལྕམ་མོའི2019ལོའི་ལོ་སར་ཇ་སྟོན་ཚོགས་འདུ་བསྡུས་ནས། མཉམ་དུ་ལོ་སར་ལ་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཇ་སྟོན་ཚོགས་འདུར་ཞུགས།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་སྲིད་གྲོས་ཀྱི་ཚོམས་ཆེན་ནང་སྐུ་གཤེགས་པའི་མི་སྣ་གྲགས་ཅན་གྱི་ལྕམ་མོའི2019ལོའི་ལོ་སར་ཇ་སྟོན་ཚོགས་བསྡུས་ནས། མཉམ་དུ་ལོ་སར་ལ་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཇ་སྟོན་ཚོགས་འདུར་ཞུགས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་ཀྱིས་ཇ་སྟོན་ཚོགས་འདུའི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག 2018ལོར་ཏང་དང་རྒྱལ་ཁབ་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་གསར་བ་དང་མི་དམངས་སྲིད་གྲོས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་སྤྱི་སྡོམ་བྱས། ཀྲང་ཆིན་ལིས་ཀྱིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་བྱ་བ་སྣ་ཚོགས་ལ་སྣེ་ཁྲིད་བྱེད་པའི་སྤྱིའི་རྩ་གནད་དུ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། མི་དམངས་སྲིད་གྲོས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་དེ་དུས་རབས་གསར་བའི་ཁ་ཕྱོགས་གསར་བ་དང་འགན་འཁྲི་གསར་བ་རུ་བརྩི་བ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་རྒྱུ་དེ་འགན་འཁྲི་ཕྲག་ཏུ་ལེན་པ་དང་བྱ་བ་བསྒྲུབ་པའི་བྱེད་ཐབས་གཙོ་བོར་བརྩིས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གྲོས་མོལ་སྲིད་གླེང་ལ་མཐོང་ཆེན་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་ཟེར། ཁོས་བཤད་རྒྱུར། སྐབས་འདིར། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་མཉམ་དུ་རླབས་ཆེན་ལས་དོན་ལ་འབད་འཐབ་བྱས་པའི་འཐབ་གྲོགས་བཟང་བོ་དང་གྲོགས་པོ་རྣམས་རྗེས་སུ་དྲན་བྱུང་ལ། ཨ་ཅེ་ཚོས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བཟའ་ཟླ་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་དུ་འཐབ་རྩོད་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ལས་དོན་ཐད་བྱས་རྗེས་ཆེན་པོ་བཞག ཁྱེད་ཚོའི་སྙིང་སྟོབས་དང་སྤོབས་པ། ནམ་ཡང་བརྗེད་མི་སྲིད་ལ་རྒྱུན་འཛིན་དར་སྤེལ་གཏོང་ངེས། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྔར་བཞིན་དུ་ཞབས་ཞུའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། ཨ་ཅེ་ཚོར་སེམས་ཁུར་དང་གཟིགས་སྐྱོང་བྱེད་ངེས་ལ། ཨ་ཅེ་ཚོས་ཀྱང་མུ་མཐུད་དུ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་སེམས་ཁུར་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཞཱ་པའོ་ལོང་གིས་ཇ་སྟོན་ཚོགས་འདུར་འགོ་མཛིན་བྱས།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡོའུ་ཆོན་ཚོགས་འདུར་ཞུགས། ཇ་སྟོན་ཚོགས་འདུའི་སྟེང་། རིག་རྩལ་བྱ་བ་སྒྲུབ་མཁན་ཚོས་ཕུན་སུམ་ཚོགས་པའི་ལེ་ཚན་འཁྲབ་སྟོན་བྱས།