ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།
2019.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱ་བའི་སྒྲིག་སྲོལ་བཅས་ལ་སློབ་སྦྱོང་མཐར་ཕྱིན་དང་བརྒྱུད་སྒྲོག་གང་ལེགས་བྱས་པར་མ་ཟད། མཚོ་སྔོན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་ལས་གཞན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་བྱེད་ཐེངས་གསུམ་པའི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ་སོགས་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུངས་བཤད་གལ་ཆེན་གྱིས། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སྤྱིའི་མཐོ་ཚད་ནས་འགྲེང་སྟེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་ལ་འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་གསར་བ་དང་འཐབ་ཇུས་རང་བཞིན་གྱི་བླང་བྱ་གསར་བ་བཟོས་ཏེ། དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་བར་ཁ་ཕྱོགས་གསལ་སྟོན་དང་བསྲུང་བྱ་འདོན་སྤྲོད་བྱས་པས། དེ་ནི་དུས་རབས་གསར་བའི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་སྐུལ་སློང་དང་བསམ་བློའི་དྲག་ཆས། ལག་ལེན་གྱི་ཕྱོགས་སྟོན་བཅས་ཡིན་པས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དེ་ཐོག་མའི་ཆོད་སེམས་མི་བརྗེད་པར་བྱེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་ཉར་བའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་དགོས་ཤིང་། ཀྲུང་དབྱང་ཆེད་དོན་སྐོར་ཞིབ་ལས་སྒོ་དང་གཞི་གཅིག་ཏུ་སྦྲེལ་དགོས་པར་མ་ཟད། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གཞི་གཅིག་ཏུ་སྦྲེལ་ཅི་ཐུབ་བྱས་ནས། སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གོ་རིམ་ཁྲོད་ནས་དགོངས་དོན་དང་སྟོབས་ཤུགས། ཡིད་ཆེས་བཅས་བཙལ་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་གཏིང་ཟབ་ས་ནས་ཟབ་སར་སྤེལ་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱ་བའི་སྒྲིག་སྲོལ་ཅེས་པ་ནི། ཏང་ཀྲུང་དབྱང་གིས་ཏང་གི་སྒྲིག་ཡིག་གཞིར་བཟུང་ནས་སྒྲིག་ཁྲིམས་དང་ཞིབ་བཤེར། ལྟ་ཞིབ་བཅས་ཀྱི་ལས་ཁུངས་ལ་ལམ་ལུགས་དང་སྒྲིག་སྲོལ་གཏན་འབེབས་བྱས་པ་ཡིན་པར་མ་ཟད། ཏང་ཡོངས་ལའང་ལམ་ལུགས་དང་སྒྲིག་སྲོལ་འདོན་སྤྲོད་བྱས་པ་ཡིན། རིམ་པ་སོ་སོའི་ཏང་ཨུས་སྒྲིག་ཁྲིམས་དང་ཞིབ་བཤེར། ལྟ་ཞིབ་བཅས་ཀྱི་བྱ་བའི་འགོ་ཁྲིད་ལ་ཤུགས་བསྣན་ནས། སྒྲིག་ཁྲིམས་དང་ཞིབ་བཤེར། ལྟ་ཞིབ་བཅས་ཀྱི་སྒྲིག་ལུགས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཤུགས་ཆེན་པོས་གཅིག་བསྡུས་མཛུབ་སྟོན་དང་ཁྱོན་ཡོངས་ཁེབས་པར་བྱེད་པ། དབང་ཟིལ་ཆེ་ལ་ཕན་འབྲས་ལྡན་པ་བཅས་ཀྱི་ལྟ་སྐུལ་མ་ལག་བསྐྲུན་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་དང་ཞིབ་བཤེར། ལྟ་ཞིབ་ལས་ཁུངས་བཅས་ཀྱི་སྒྲིག་སྲོལ་དངོས་འབེབས་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་བྱེད་ཅིག་དང་། ཆེད་ལས་ནུས་པ་ཇེ་དྲག་ཏུ་གཏོང་བྱེད་ཅིག་ལ་བརྩིས་ཏེ། སློབ་སྦྱོང་དང་ཟབ་སྦྱོང་། དྲིལ་སྒྲོག སྒྲོག་འགྲེལ། གཞི་གཅིག་ཏུ་སྦྲེལ་བ་བཅས་ཀྱི་ལས་དོན་དམ་པོར་བཟུང་ནས། སྒྲིག་སྲོལ་དང་གཏན་འབེབས་མ་ལུས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་གསུམ་པ་ནི་ནན་ཏན་ཅན་དང་གཟབ་ནན་ཅན། ཁག་ཁུར་ཅན་གྱི་ལས་སྒོ་ཞིག་ཡིན་པས། སྐོར་ཞིབ་གྱི་བྱེད་ནུས་མངོན་གསལ་དོད་པོ་ཡིན། ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་དུ། ཏང་གི་ལས་དོན་ལ་འགན་ཁུར་བ་དང་མི་དམངས་ཀྱི་ཁེ་ཕན་ལ་འགན་ཁུར་བ། ལས་བྱེད་པའི་བདེ་ཐང་དང་འཚར་ལོངས་ལ་འགན་ཁུར་བ་བཅས་ཀྱི་མཐོ་ཚད་ནས་འགྲེང་སྟེ། སྐོར་ཞིབ་ལས་དོན་རྒྱུན་མཐུད་ངང་སྤེལ་དགོས། ཆབ་སྲིད་སྐོར་ཞིབ་འབུར་དུ་ཐོན་པར་བྱས་ཏེ། ད་ལོའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བ་མུ་མཐུད་དུ་དམ་པོར་བཟུང་ནས། སྐོར་ཞིབ་གྲུབ་འབྲས་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་པ་དང་སྐོར་ཞིབ་ཀྱི་དབང་ཤུགས་དང་བྱེད་ནུས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། མཚོ་སྔོན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཟམ་མ་ཆད་པའི་སྒོ་ནས་སྤེལ་ཏེ་གྲུབ་འབྲས་ལོན་པར་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལྟ་ཞིབ་དང་ཞིབ་བཤེར། དཔྱད་ཞིབ་བཅས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཚད་ལྡན་ཅན་དུ་གཏོང་རྒྱུ་ནི། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་པ་དང་། མུ་མཐུད་དུ་བྱ་བའི་བྱེད་ཕྱོགས་ལ་ལེགས་བཅོས་གཏོང་བ། ལས་བྱེད་པའི་ཁག་ཁུར་གྱི་བྱེད་ཕྱོགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། དངོས་འབེབས་རྒྱུན་འཁྱོངས་བྱེད་པའི་ཁྲོད་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་ཡོ་བསྲང་བྱེད་པ་དང་། ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་ལངས་གནས་ཇེ་མཐོར་གཏོང་བ། གྲངས་འབོར་ཇེ་ཉུང་དུ་གཏོང་བ་དང་སྤུས་ཚད་ཇེ་མཐོར་གཏོང་བ། དོ་དམ་དབང་བཅོལ་འཆར་གཞི་མུ་མཐུད་དུ་སྤེལ་བ། བྱེད་ཐབས་དང་སྤྱོད་ལམ་ལེགས་བཅོས་བྱེད་པ། གཞི་རིམ་གྱི་འགན་ཁུར་ཇེ་ཡང་དུ་གཏོང་བ་བཅས་ལ་འབད་ནས། ཞིང་ཆེན་ཡོངས་ཀྱི་ལྟ་ཞིབ་དང་ཞིབ་བཤེར། དཔྱད་ཞིབ་བཅས་ཀྱི་བྱ་བའི་ཚན་རིག་རང་བཞིན་དང་ཁ་གཏོད་རང་བཞིན། ཕན་འབྲས་རང་བཞིན་བཅས་མངོན་གསལ་ཇེ་དྲག་ཏུ་གཏོང་དགོས་ཟེར།

གྲོས་ཚོགས་ལས་སྐབས་བཅུ་གསུམ་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། མཚོ་སྔོན་གྱི་རྒྱལ་ཁབ་ལ་མཛད་རྗེས་ཆེ་བ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་མིང་འདོན་དཔྱད་འདེམས་ལས་དོན་སོགས་ཀྱི་བྱ་བར་ཞིབ་འཇུག་ལེགས་པོ་བྱས།