2019ལོའི་གུང་གཞོན་ཚོགས་པ་དང་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་ཁ་གཏད་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2019.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་ལ་ཉེ་བའི་སྐབས་སུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེ་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གཉིས་དང་མཉམ་འབྲེལ་བྱས་ནས2019ལོའི་གུང་གཞོན་ཚོགས་པ་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་གྱི་ཡུལ་དངོས་ཁ་གཏད་བྱ་འགུལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནང་སྲིད་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཨུ་ཡོན་བདུན་བཅས་ཚོགས་འདུར་ཞུགས། ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ན་གཞོན་ལས་སྐྲུན་ར་བ། དངོས་ཟོག་སྐྱེལ་འདྲེན་ཁེ་ལས་སོགས་སྡེ་ཁག་དང་། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱས་པའི་ན་གཞོན། དངོས་ཟོག་སྐྱེལ་འདྲེན་ཐད་ཀྱི་ལས་ཞུགས་ན་གཞོན། ཁེ་ལས་ཕྲན་ཆུང་གི་ལས་ཞུགས་ན་གཞོན་འཐུས་ཚབ་པ་བཅས་བསྡོམས་པས་མི་སུམ་ཅུ་ལྷག་ཚོགས་འདུར་ཞུགས།

ཚོགས་ཞུགས་མི་སྣས་གསར་དར་ལས་རིགས་ན་གཞོན་མི་ཚོགས་ཀྱི་འཕེལ་རྒྱས་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བརྗོད་སྙིང་ལ་དམིགས་པ་དང་། རང་སྟེང་གི་བྱ་བ་དངོས་དང་མགྲིན་ཚབ་ཁྱབ་ཁོངས་ལ་ཟུང་འབྲེལ་བྱས་ནས། གྲོས་སྡུར་དང་བརྗེ་རེས་ཟབ་མོ་བྱས་པ་དང་། དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གསར་དར་ལས་རིགས་ཀྱི་ན་གཞོན་མི་ཚོགས་ཀྱི་ད་ལྟའི་གནས་བབ་དང་ཁྱད་ཆོས། གནས་པའི་གནད་དོན་དང་འཕེལ་རྒྱས་ཐད་ཀྱི་གྲོས་གཞི་ངོ་སྤྲོད་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནང་སྲིད་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནད་དོན་ཐད་ནས་མཛུབ་སྟོན་བྱས།

དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་གཏམ་བཤད་ལ་ཉན་རྗེས། གསར་དར་ལས་རིགས་ཀྱི་ན་གཞོན་ཚོགས་མིའི་འཕེལ་རྒྱས་ཐད་ནས་རོགས་རམ་དང་ཞབས་ཞུ་སོགས་འདོན་སྤྲོད་བྱེད་པའི་འབྲེལ་ཡོད་གནད་དོན་ལ་དམིགས་ནས། རང་ཉིད་ཀྱི་ལྟ་ཚུལ་བཏོན་པ་མ་ཟད། བཞུགས་མོལ་ཚོགས་འདུ་སྟེང་བརྗེ་རེས་བྱས་པའི་གྲོས་གཞི་ལེགས་སྒྲིག་དང་བསྡུ་ལེན་བྱས་པ་དང་། ཁྲིམས་བཀོད་ལམ་བུ་ལྟར་གྲོས་གཞི་བཏོན་ནས་ཚོགས་ཆེན་གཉིས་སྟེང་སྤྲོད་པ་མ་ཟད། གྲོས་གཞི་ལག་བསྟར་བྱེད་པར་དོ་སྣང་བྱེད་པ་བརྒྱུད་དེ། འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ཚུལ་བསྟན།