ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་བསྡུས།
2019.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན།   ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་བསྡུས་པ་དང་།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་།  ཅིག་སན་སློབ་ཚོགས་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་པ་དང་།  ཏུའུ་ཏི་ཀྲི་ཡིས་ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བའི་སྙན་ཞུ་ཕུལ་བ་དང་།   སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བ་གཙོ་བོར་སྤྱི་བསྡོམས་བྱས་པར་མ་ཟད།  ཉིས་སྟོང་བཅུ་དགུ་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ཏུའུ་ཏི་ཀྲི་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོང་དོན།  ཅི་སན་སློབ་ཚོགས་ཀྱི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཐེངས་ལྔ་བའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་དྲིལ་སྒྲོག  ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་མང་མཉམ་ལས་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བཟང་བོ་དང་རྒྱུས་ལོན་ཡང་དག་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་བཟང་བོ་དང་ལག་རོགས་པ་བཟང་བོ།   ལས་གྲོགས་བཟང་བོ་བྱེད་དགོས་པ་དང་།    ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ནས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བ་དང་།   བརྟན་དཔྱད་ཞིབ་འཇུག་དང་བློ་འདོན་ཇུས་འབུལ་ཐད་ཤུགས་སྣོན་དགོས།   དབུལ་ཐར་མཁྲེགས་གཏོར་དམངས་གཙོ་ལྟ་སྐུལ་དང་སྲིད་ཞུགས་སྲིད་གླེང་།   རོགས་སྐྱོར་བྱ་བ་བཅས་ནུས་ཡོད་ཟུང་འབྲེལ་བྱས་ཏེ་དམངས་གཙོ་ལྟ་སྐུལ་དང་སྤྱི་ཚོགས་ཞབས་ཞུའི་བྱ་བ་བཟང་བོར་བསྒྲུས་དགོས།   གཞི་རིམ་རྩ་འཛུགས་ཀྱི་འབྲེལ་འདྲིས་དང་མཛུབ་སྟོན་ལ་ཤུགས་སྣོན་པ་དང་།   སྲིད་ཞུགས་སྲིད་གླེང་དང་སྤྱི་ཚོགས་ཞབས་ཞུ་ནུས་ཡོད་མཉམ་བསྲེས་བྱེད་པའི་རྩ་འཛུགས་བྱ་འགུལ་སྤེལ་ཏེ་གཞི་རིམ་རྩ་འཛུགས་ཀྱི་གཅིག་བསྡུས་སྟོབས་ཤུགས་དང་འཐབ་རྩོད་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་པའི་བླང་བྱ་བཏོན།