སྤེལ་དུས།2019.02.01 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

ཟླ་དང་པོའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཐར་རྒྱལ་ཁབ་ཀྱི་རྒྱལ་བོ་ཐཱ་མིས་མུའུ་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་མཛད་སྒོ་བསྡུས་ནས། ཁ་ཐར་གྱི་རྒྱལ་བོ་ཐཱ་མིས་མུའུ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱས་པར་དགའ་བསུ་བྱས།

ཟླ་དང་པོའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཐར་རྒྱལ་ཁབ་ཀྱི་རྒྱལ་བོ་ཐཱ་མིས་མུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་ཀྱི་འགོ་གཙོས་མཐའ་གཅིག་ཏུ། ཕན་ཚུན་བར་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གཉིས་ཕན་མངོན་འགྱུར་བྱེད་པ། མཉམ་དུ་ཀྲུང་གོ་དང་ཁ་ཐར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འཐད་པ་བྱུང་བའི་ཚུལ་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། 2014ལོར། ང་དང་རྒྱལ་བོ་གཉིས་ཀྱིས་པེ་ཅིན་ནས་མཉམ་དུ་ཀྲུང་གོ་དང་ཁ་ཐར་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་། ཕྱོགས་གཉིས་ཀྱིས་འབད་འཐབ་བྱས་འོག ཐུན་མོང་གི་ལྟ་བ་དེ་དག་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་པར་ང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁ་ཐར་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཀྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོར་ཁ་ཐར་ཕྱོགས་ཀྱིས་རང་བདག་སྒོས་རང་རྒྱལ་གྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཁ་ཐར་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། ཁ་ཐར་གྱིས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་སྟེང་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་། མཉམ་དུ་རྒྱད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་གཉིས་བར་སྣུམ་རླངས་མཉམ་ལས་སྲོག་མདའ་རུ་བྱེད་པ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གཙོ་གནད་དུ་བྱེད་པ། དངུལ་རྩ་དང་དངུལ་གཏོང་འཕར་གནས་གསར་བ་རུ་བྱེད་པའི་མཉམ་ལས་ཀྱི་རྣམ་པ་གསར་བ་གྲུབ་ཡོད་པ་དང་། ནུས་ཁུངས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ལག་རྩལ་མཐོ་གསར། དངུལ་གཏོང་བཅས་ཁྱབ་ཁོངས་ཆེན་པོ་བཞིའི་ཐད་ཀྱི་མཉམ་ལས་གཅིག་གྱུར་སྒོས་སྤེལ་དགོས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཐལ་སྐྱོད་པར་ངོ་རྒོལ་བྱེད་པའི་ཐད་ཀྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་ཉམས་མྱོང་མཉམ་སྤྱོད་བྱེད་དགོས་ལ། མཉམ་ལས་སྤེལ་དགོས།  མི་གཞུང་བརྗེ་རེས་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་། གནས་སྐོར་དང་རིག་གནས། ལུས་རྩལ་དང་སྨྱན་བྱད་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ནས། མཉམ་དུ2022ལོར་སོ་སོར་ཀྲུང་གོ་དང་ཁ་ཐར་ནས་བསྡུ་རྒྱུ་ཡིན་པའི་དགུན་དུས་ཀྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་འཛམ་གླིང་གི་རྐང་རྩེད་སྤོ་ལོ་འགྲན་ཚོགས་གཉིས་བཟང་བོར་བསྒྲུབ་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཁུལ་ཁོངས་མཉམ་ལས་དང་མཚོ་འགག་གཏན་འཇགས་ནི་རང་ས་ཁུལ་དར་རྒྱས་སུ་གཏོང་བའི་རྨང་གཞི་གལ་ཆེན་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་མཚོ་འགག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཨ་རབ་ཀྱི་སྒྲོམ་གཞིའི་ནང་། ཆབ་སྲིད་ཀྱི་ཕྱི་འབྲེལ་བྱེད་ཐབས་བརྒྱུད་དེ་འགལ་རྩོད་ཐག་གཅོད་འོས་འཚམ་བྱེད་པ་དང་། མཚོ་འགག་ཨ་རབ་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་འགྲིག་མཐུན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོས་མཚོ་འགག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ཀྱི་རེ་འདོད་ལྟར། མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

ཐཱ་མིས་མུའུ་ཡིས་ཐོག་མར་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་ལོ་སར་གྱི་འཚམས་འདྲི་ཞུས། ཐཱ་མིས་མུའུ་ཡིས་བསྟན་དོན། ཁ་ཐར་དང་ཀྲུང་གོ་གཉིས་ནི་འཐབ་ཇུས་གྲོགས་པོ་ཡིན་ལ། ཕྱོགས་གཉིས་ཀྱི་གྲོགས་པོའི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཁ་ཐར་གྱིས་ཀྲུང་གོའི་དཔལ་འབྱོར་ཐད་ཡིད་ཆེས་ཆེན་པོ་བཅངས་ཡོད་ལ། ཁ་ཐར་ནི་ཆེས་ཐོག་མར་རྒྱུད་གཅིག་ལམ་གཅིག་གྲོས་གཞི་ལ་འཐད་པ་བྱུང་བའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན་པ་དང་། ཀྲུང་གོའི་བར་ནུས་ཁུངས་དང་དངུལ་གཏོང་། ཚན་རྩལ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་མཉམ་ལས་སྤེལ་བར་རེ་སྒུག་བྱས་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཁ་ཐར་གྱི་དཔལ་འབྱོར་བྱས་རྗེས་བཞག་ཡོད་ལ། ཀྲུང་གོའི་ཁེ་ལས་ཁ་ཐར་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཁ་ཐར་གྱིས་ཀྲུང་གོའི་བར་གྱི་རིག་གནས་དང་གནས་སྐོར། གསར་འགྱུར་ཐད་ཀྱི་བརྗེ་རེས་ལ་ཤུགས་སྣོན་པར་འབད་འཐབ་བྱེད་ཀྱིན་ཡོད་ལ། ཁ་ཐར་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་མང་ལས་དོན་དང་དབུས་ཤར་དང་མཚོ་འགག་ས་ཁུལ་གྱི་གནད་དོན་སྟེང་གི་འཛུགས་སྐྲུན་རང་བཞིན་གྱི་ལངས་ཕྱོགས་ལ་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད་པ་མ་ཟད། ཀྲུང་གོའི་བར་གྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། འཇིགས་སྐུལ་དང་ཐལ་སྐྱོད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།

དབྱང་ཅེ་ཁྲི་དང་ཝང་དབྱི། ཧི་ལིས་ཧྥུན་སོགས་གྲོས་མོལ་ལ་ཞུགས།

གྲོས་མོལ་མ་བྱས་གོང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་མཛད་སྒོ་བསྡུས་ནས། ཁ་ཐར་གྱི་རྒྱལ་ཁོ་ཐཱ་མིས་མུའུ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱས་པར་དགའ་བསུ་བྱས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།