ཞི་ཅིན་ཕིང་གིས་པེ་ཅིན་ཝེ་ཧྲུའུ་ཆུའུ་ཡི་དཔོན་དམག་རྣམས་ལ་འཚམས་འདྲི་ཞུས།
2019.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 283

ལུགས་རྙིང་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་དུ་པེ་ཅིན་ཝེ་ཧྲུའུ་ཆུའུ་ལ་ཕེབས་ཏེ་གཞི་རིམ་དུ་ལས་རེས་སོ་ལྟ་བྱེད་པའི་དམག་དཔུང་གི་དཔོན་དམག་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས། 

ལུགས་རྙིང་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་དུ་པེ་ཅིན་ཝེ་ཧྲུའུ་ཆུའུ་ལ་ཕེབས་ཏེ་གཞི་རིམ་དུ་ལས་རེས་སོ་ལྟ་བྱེད་པའི་དམག་དཔུང་གི་དཔོན་དམག་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས་པར་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་དམག་དམག་གྲབས་མི་སྣ་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་ལོ་སར་ལ་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕིང་དམག་དཔུང་གི་དཔོན་དམག་རྣམས་ཀྱི་ཉལ་ཁང་དུ་ཕེབས་ཏེ་ཁོ་ཚོའི་འཚོ་བའི་སྒྲིག་ཆས་གནས་ཚུལ་ལ་གཟིགས་ཞིབ་གནང་བར་མ་ཟད། རིམ་པ་སོ་སོའི་དམག་དཔུང་གིས་གཞི་རིམ་དཔོན་དམག་རྣམས་ཀྱི་འཚོ་བར་ཧ་ཅང་སེམས་ཁུར་བྱས་ཏེ་དོན་བཟང་དང་དོན་དངོས་གང་མང་བསྒྲུབ་དགོས་པར་མ་ཟད་ཁོ་ཚོ་འཕྲད་པའི་དཀའ་ཁག་སྣ་ཚོགས་ངེས་པར་སེལ་དགོས་པའི་སྐུལ་མ་བཏང་།