ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཉམ་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་བསྡུས། 
2019.02.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 286

ཟླ་གཉིས་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་དགུ་ལོའི་མཉམ་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནངས།

ཟླ་གཉིས་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་དགུ་ལོའི་མཉམ་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་བསྡུས།ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ལིས་ཁི་ཆང་དང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་མཉམ་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཞུགས།

ཟླ་གཉིས་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་དགུ་ལོའི་མཉམ་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་བསྡུས། ལིས་ཁི་ཆང་གིས་མགོ་འཛིན་མཛད། 

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་དགུ་ལོའི་མཉམ་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནངས། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མི་སོགས་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས། 

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ལིས་ཁི་ཆང་དང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ལྷན་འཛོམས་ཀྱིས་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཞུགས། ལིས་ཁི་ཆང་གིས་མགོ་འཛིན་མཛད། 

ལས་རིགས་སོ་སོའི་མི་སྣ་སྟོང་གཉིས་ལྷག་མི་དམངས་ཚོགས་ཁང་ཆེན་མོའི་ནང་དགའ་སྐྱིད་ཀྱིས་འཛོམས་ནས་མཉམ་དུ་ལུགས་རྙིང་ལོ་གསར་ལ་བསུ་བ་ཞུས། 

སྔ་དྲོའི་དུས་ཚོད་བཅུའི་སྟེང་། སྤྲོ་སྐྱིད་ཀྱི་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོམས་ཁང་དུ་ཕེབས་པ་དང་། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས། 

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་ང་ཚོས་མདུན་སྐྱོད་ཀྱི་ལམ་བུའི་སྟེང་དཀའ་སྤྱད་འབད་བརྩོན་བྱས་ཏེ་དཀའ་སྡུག་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། ཚེགས་བརྩོན་འགྲུས་མང་བོ་བཏོན་པར་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད། རང་རྒྱལ་གྱི་དཔལ་འབྱོར་གཏན་འཇགས་ངང་གོང་འཕེལ་འབྱུང་བཞིན་ཡོད་པ་དང་། བཅོས་བསྒྱུར་སྒོ་འབྱེད་ལ་གྲུབ་འབྲས་གསར་བ་ཐོབ་ཡོད། མཁྲེགས་གཏོར་ཆེན་མོ་གསུམ་ལ་སྐུལ་འདེད་ཆེན་པོ་བཏང་སྟེ་དབུལ་ཐར་མཁྲེགས་གཏོར་ལ་གྲུབ་འབྲས་མངོན་གསལ་ཐོབ། རྒྱལ་སྲུང་དང་དམག་དཔུང་གི་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་རྣམ་པ་གསར་བ་བྱུང་ཡོད་ལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་ཐོབ། སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་སྲུང་འཛིན་བྱས་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་བ་ཇེ་དྲག་ཏུ་སོང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པར་མགོ་བཟང་བོ་བརྩམས་ཡོད། ང་ཚོའི་ཏང་དང་ང་ཚོའི་རྒྱལ་ཁབ། ང་ཚོའི་མི་དམངས་བཅས་ལ་འབད་འཐབ་ཁྲོད་ནས་སྔར་ལས་ལྷག་པའི་ཡིད་ཆེས་དང་བློ་སྤོབས་ཐོབ་ཡོད་ལ། སྔར་ལས་བློ་བརྟན་འགྱུར་མེད་པ་དང་སྤོབས་པ་ཆེན་པོས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཆེན་མོའི་སྟེང་བགྲོད་བཞིན་ཡོད་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། ལུགས་རྙིང་ལོ་གསར་ནི་མཛེས་སྡུག་གི་དུས་སྐབས་ཤིག་ཡིན་པ་དང་། མི་རྣམས་ལ་རེ་སྨོན་གསར་བ་འབྱུང་སྲིད། ད་ལོར་ང་ཚོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་བར་བསུ་བ་བྱ་དགོས། རྒྱང་བསྐྱོད་གསར་བའི་སྟེང་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་ཡོད་པ་དང་། ཉེན་ཁའི་འགྲན་རྩོད་གསར་བའང་ཡོད་སྲིད། ང་ཚོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ལག་ལེན་བྱེད་པ་དང་། གཏན་འཇགས་ཁྲོད་གོང་འཕེལ་བརྩོན་པའི་བྱ་བའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གནས་ལྔ་གཞི་གཅིག་ཅན་གྱི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ཡར་སྐུལ་གཏོང་བ། འཕེལ་རྒྱས་འདུ་ཤེས་གསར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་རྒྱུན་འཁྱོངས་སྒོས་མུ་མཐུད་དུ་མཁྲེགས་གཏོར་ཆེན་མོ་གསུམ་དམ་འཛིན་བྱས་ནས། གཏན་འཇགས་འཕར་སྣོན་དང་བཅོས་སྐྱུར་ཡར་སྐུལ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་བྱ་བར་གཅིག་གྱུར་ཡར་སྐུལ་གཏོང་དགོས། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཚོར་བ་བཅས་ཇེ་མཐོར་གཏོང་བ་དང་། དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་སྲུང་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏང་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་བར་རྟེན་འབྲེལ་ཞུ་དགོས་ཟེར། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་གཅིག་ལ་བྲེལ་འཚུབ་ཀྱིས་འབད་འབུངས་བྱས་རྗེས། ཁྱིམ་མི་ཚང་མས་མཉམ་དུ་ལོ་གསར་ལ་རོལ་བ་ནི་བདེ་སྐྱིད་ཀྱི་མྱོང་བ་ཞིག་དང་འཚོ་བའི་སྐྱིད་ཅིག་ཡིན། ཕ་མར་སྲི་ཞུ་བྱེད་པ་དང་རྒྱལ་ཁབ་ལ་བློ་སེམས་དཀར་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་ཡིན། ང་ཚོས་སྤྱི་ཚོགས་ཡོངས་ནས་རྒྱལ་ཁབ་ཀྱི་གཅེས་སེམས་དར་སྤེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། རྒྱལ་གཅེས་ཁྱིམ་གཅེས་ཀྱི་འདོད་བློ་བཏོན་ནས་མི་རེ་རེ་དང་ཁྱིམ་ཚང་རེ་རེས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོར་བྱས་རྗེས་འཇོག་ཏུ་འཇུག་དགོས་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། གནའ་ནས་བཟུང་། ཀྲུང་གོ་བས་རྒན་བཀུར་ཆུང་བྱམས་ཀྱི་འདོད་བློ་བཏོན་ཡོད། རང་རྒྱལ་རྒན་པ་མང་བའི་སྤྱི་ཚོགས་སུ་གྱུར་ཡོད་པས། རྒན་པ་དག་ལ་གཉོར་སྐྱོང་བྱེད་མཁན་ཡོད་པ་དང་བདེ་འཇགས་སྤྲོ་སྐྱིད་ཡོང་བར་བྱེད་པ་དེ་སྤྱི་ཚོགས་ཀྱི་འཆམ་མཐུན་དང་གཏན་འཇགས་ལ་འབྲེལ་བ་ཡོད། ང་ཚོས་སྤྱི་ཚོགས་ཡོངས་ནས་ཤུགས་ཆེན་པོས་རྒན་པར་བཀུར་བ་དང་རྒན་པར་སེམས་ཁུར་བྱེད་པ། རྒན་པ་གཉོར་སྐྱོང་བྱེད་པའི་འདོད་བློ་བཏོན་ནས། ཤུགས་ཆེན་པོས་རྒན་པའི་ལས་དོན་འཕེལ་རྒྱས་སུ་བཏང་སྟེ་རྒན་པ་ཚང་མར་སྤྲོ་སྐྱིད་ཀྱི་ཚེ་མཇུག་རོལ་དུ་འཇུག་དགོས་ཟེར། 

མཉམ་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་སྟེང་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཚང་མར་ཕྱག་འཇུ་མཛད་པ་དང་། ཕན་ཚུན་ཁམས་འདྲི་བྱས་པར་མ་ཟད། ལོ་གསར་གྱི་སྨོན་འདུན་ཞུས། རིག་རྩལ་བྱ་བ་བྱེད་མཁན་དག་གིས་ངོ་མཚར་བའི་ལེ་ཚན་འཁྲབ་སྟོན་བྱས། 

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ། བློ་མཐུན་རྒན་པ་སོགས་མཉམ་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཞུགས། 

མཉམ་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཞུགས་མཁན་ལ་ད་རུང་ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པའི་འཐུས་མི། མིང་དུ་གྲགས་པའི་ཆེད་མཁས་པ་དང་མཁས་པ། རྒྱལ་སྤྱིའི་ལས་རིགས་སོ་སོའི་འཐུས་མི་བཅས་ཡོད།