ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་ཚེས་བཅུ་བཞི་དང་ཚེས་བཅོ་ལྔ་ཉིན་གཉིས་ལ་པེ་ཅིན་ནས་བསྡུ་རྒྱུ་རེད།
2019.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རི་ཁའི་ཁྱོན་ཡོངས་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་མཁན་ལིག་ཧི་ཡིས་ཟླ་གཉིས་པའི་ཚེས་བཅུ་བཞི་དང་ཚེས་བཅོ་ལྔ་ཉིན་གཉིས་ལ་པེ་ཅིན་ནས་ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ལེ་ཐི་ཞི་ཙི་དང་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆན་གཉིས་ཀར་སྐོར་ཐེངས་གསར་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་བྱེད་རྒྱུ་རེད། ཕྱོགས་གཉིས་ཀྱིས་ཅང་མ་འགོར་བའི་སྔོན་ལ་ཧྭ་ཧྲིན་ཏུང་ནས་གྲོས་མོལ་བྱས་པའི་རྨང་གཞིའི་སྟེང་ཐུན་མོང་གིས་ཡིད་འཇོག་བྱེད་པའི་གནད་དོན་ཐད་ལ་གྲོས་བསྡུར་བྱེད་རྒྱུ་རེད། ཨ་མེ་རི་ཁའི་བྱ་བའི་ཚོགས་པ་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་པེ་ཅིན་ལ་ཐོན་རྒྱུ་རེད།