ད་ལོའི་ལོ་སར་སྐབས་སུ་རྒྱལ་ཡོངས་སུ་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཚབས་ཆེན་མ་བྱུང་།
2019.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

གསར་འགོད་པས་ཚེས་བཅུ་ཉིན་འཕྲལ་སྒྲུབ་དོ་དམ་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། ཚེས་བཅུ་ཉིན་གྱི་དུས་ཚོད་བཅོ་བརྒྱད་བར་རྒྱལ་ཡོངས་སུ་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཚབས་ཆེན་མ་བྱུང་ལ། མེ་སྐྱོན་བྱུང་གྲངས་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས། དཔལ་འབྱོར་གྱི་གྱོང་གུད་ཐེབས་ཚད་བཅས་སོ་སོར་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་དགུ་ལྷག་དང་བརྒྱ་ཆའི་བདུན་ལྷག བརྒྱ་ཆའི་བཅུ་གསུམ་ལྷག་ཏུ་ཇེ་དམའ་རུ་སོང་བ་དང་། ནགས་ཚལ་དང་རྩྭ་སར་མེ་སྐྱོན་བྱུང་ཚད་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སུམ་ཅུ་ཇེ་དམའ་རུ་སོང་།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་སར་གྱི་སྐབས་སུ། འཕྲལ་སྒྲུབ་དོ་དམ་པུའུ་ཡིས་རིགས་མི་འདྲ་བའི་སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་བར་བརྟེན་ཏེ་འཕྲལ་སྒྲུབ་དོ་དམ་བཅའ་ཁྲིམས་སྒྲིག་སྲོལ་དང་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་རྒྱ་ཆེར་བྱས་ནས་དམངས་ཡོངས་ཀྱི་འཕྲལ་སྒྲུབ་ཐག་གཅོད་འདུ་ཤེས་ཇེ་དྲག་དང་ནུས་པ་ཇེ་ཆེར་བཏང་།