མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ལས་བྱེད་པའི་ཚང་འཛོམས་གྲོས་ཚོགས་བསྡུས།
2019.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ལས་ཁུངས་ཀྱི་ལས་བྱེད་པའི་ཚང་འཛོམས་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན། ན་ནིང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཤུགས་ཡོད་འགོ་ཁྲིད་འོག པུའུ་ལས་ཁུངས་ཀྱི་ཁྲུའུ་དང་གཞུང་སྒྲུབ་ཁང་སོ་སོས་རང་འགུལ་གྱིས་འགན་འཁྲི་ཕྲག་ཏུ་བླངས་པ་དང་འབད་འཐབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ལས་གནས་གཙོ་བོར་དམིགས་ནས། གཞི་རིམ་དམ་འཛིན་བྱེད་པ་དང་རྨང་གཞི་འདིང་བ། ལས་བྱེད་པ་བདམས་པ་དང་ཚན་ཁག་ཆ་སྡེབས་བྱེད་པ། དཔུང་སྡེ་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུ་བ་བཅས་བྱས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ད་ལོར་རྒྱལ་ཡོངས་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱུན་མཐུད་ངང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལོ་གསར་བའི་ནང་གྲུབ་འབྲས་གསར་བ་ལེན་པར་བརྟེན་ནས་རྩ་འཛུགས་བྱ་བའི་སྣང་བརྙན་གསར་བ་ངོམ་དགོས། ཁོ་མོས་ནན་གྱིས་བསྟན་དོན། ཆབ་སྲིད་གླེང་བའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ། འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཆབ་སྲིད་འཛུགས་སྐྲུན་རྩ་འཛུགས་བྱ་བའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། འགན་འཁྲི་ཕྲག་ཏུ་ལེན་པ་དང་གྲུབ་འབྲས་ལེན་པའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་རབས་གསར་བའི་རྩ་འཛུས་བྱ་བའི་གཞི་རྩའི་གྲུབ་ཚུལ་དང་རིན་ཐང་གི་ཁ་ཕྱོགས། རྩ་དོན་གལ་ཆེན། འཐབ་ཇུས་ཀྱི་ལམ་བུ། སྤུས་ཚད་ཀྱི་རེ་བ་དང་སྤྱོད་ཚུལ་འགན་སྲུང་བཅས་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་བའི་ནང་རྩ་འཛུགས་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་ནམ་ཡང་སྤུས་ཚད་ཀྱི་འདུ་ཤེས་དང་གནད་དོན་གྱི་འདུ་ཤེས་ཇེ་བརྟན་དུ་བཏང་སྟེ། རྩ་འཛུགས་བྱ་བ་དེ་བསྒྲུབ་མིན་དང་ཡོད་མེད་ནས་བཟང་མིན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། དངོས་གཉེར་གྱི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། གཟབ་ནན་དང་སེམས་ཆུང་། ཞིབ་ཕྲ། ལེགས་པོའི་སྤྱོད་ཚུལ་དང་གཅིག་གཅིག་བདུན་གཅིག་ཐིག་གི་བྱ་བའི་ལམ་ལུགས་ཇེ་དྲག་ཏུ་གཏོང་བ། རྩ་འཛུགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་སྤེལ་བའི་ཐད་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།