མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་བས་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་དང་ཞིང་ཆེན་ཆུ་བེད་ཆུ་གློག་ཚད་ཡོད་ཀུང་ཟིའི་ཏང་ཨུ་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས།
2019.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 153

ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་བས་སོ་སོར་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་དང་ཞིང་ཆེན་ཆུ་བེད་ཆུ་གློག་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུ་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཝང་ཡའོ་ཁྲུན་གྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་སྐོར་ཞིབ་གནས་ཚུལ་གྱི་ཡར་ཞུ་ལ་ཉན་སྐབས་སྤེལ་བའི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད། སྐོར་ཞིབ་དང་དག་ཐེར་ལེགས་བཅོས་བྱ་བ་དམ་འཛིན་བྱེད་པའི་ཐད་ནས་རེ་བ་ནན་མོ་བཏོན། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཚན་ཆུང་གི་འགན་ཁུར་བློ་མཐུན་མངག་གཏོང་བྱས་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁ་གཏད་འབྲེལ་འདྲིས་བྱེད་པའི་ལྟ་སྐུལ་ཞིབ་བཤེར་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་ཁྲུའུ་ཡི་འགན་ཁུར་བློ་མཐུན་བཅས་ཕྱིར་ལྡོག་ཚོགས་འདུར་ཞུགས།

ཝང་ཡའོ་ཁྲུན་གྱིས་ཀུང་ཟིའི་ཏང་ཨུས་སྐོར་ཞིབ་ཐད་ཀྱི་དག་ཐེར་ལེགས་བཅོས་དེ་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་དུ་བརྩིས་ནས། རང་རྟོགས་སྒོས་དག་ཐེག་ལེགས་བཅོས་ཀྱི་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཆབ་སྲིད་ཀྱི་ལངས་གནས་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོར་འདེགས་གཏོང་བ། སྐོར་ཞིབ་ཐད་ཀྱི་དག་ཐེར་ལེགས་བཅོས་ཀྱི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ། འགན་བཟང་བོ་ཁུར་བའི་རྣམ་པ་དང་དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་དག་ཐེར་ལེགས་བཅོས་བྱ་བ་དམ་འཛིན་བྱེད་དགོས། སྐོར་ཞིབ་དང་དག་ཐེར་ལེགས་བཅོས་ཐད་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བ་དང་། སྐོར་ཞིབ་དང་དག་ཐེར་ལེགས་བཅོས་ཀྱི་ཇུས་གཞི་ལ་ཞིབ་འཇུག་བྱེད་པ་དང་གཏན་འབེབས་བྱེད་པ། གནད་དོན་གསལ་ཁྲ་དང་ལས་འགན་གྱི་གསལ་ཁྲ། འགན་འཁྲིའི་གསལ་ཁྲ་འཛུགས་པ། ལག་བསྟར་བྱེད་ཆོག་པའི་དག་ཐེར་ལེགས་བཅོས་བྱེད་ཐབས་གཏན་འབེབས་བྱས་ནས། རེ་རེ་བཞིན་དག་ཐེར་ལེགས་བཅོས་བྱེད་པ་དང་། སྐོར་ཞིབ་ཐད་ཀྱི་བྱ་བ་རྗེས་མ་བརྟན་བརླིང་ངང་བསྒྲུབ་དགོས་པའི་རེ་བ་བཏོན།

ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་ལིས་ཤུའེ་ཅུན་དང་ཞིང་ཆེན་ཆུ་བེད་ཆུ་གློག་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་ཝང་ཧའེ་ཆིན་གཉིས་ཀྱིས། སྐོར་ཞིབ་ཐད་ཀྱི་ཕྱིར་ལྡོག་བསམ་འཆར་ཡོངས་རྫོགས་དང་ལེན་བྱེད་ཀྱིན་ཡིན་པ་དང་། བདེན་འཚོལ་དངོས་གཉེར་གྱི་རྣམ་པར་བརྟེན་ནས་སྐོར་ཞིབ་ཐད་ཀྱི་དག་ཐེར་ལེགས་བཅོས་ལ་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ། གྲུབ་འབྲས་དངོས་ལ་བརྟེན་ནས་ཞིང་ཆེན་ཏང་ཨུ་སེམས་བདེ་མོ་ཡོང་བར་བྱེད་པ་དང་ལས་བཟོ་བ་དང་མང་ཚོགས་ཡིད་ཚིམ་པར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།