མཚོ་སྔོན་ཞིང་ཆེན་གྱི་སྐོར་ཞིབ་ཚན་ཆུང་གསུམ་པས་ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཏང་ཙུའུ་དང་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་ཏང་ཨུ་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས།
2019.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 155

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་དང་པོའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཞིབ་ཚན་ཆུང་གསུམ་པས་སོ་སོར་ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཏང་ཙུའུ་དང་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་ཏང་ཨུ་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཡན་ཧའེ་མའོ་ཡིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་སྐོར་ཞིབ་གནས་ཚུལ་ཡར་ཞུ་བྱེད་པར་ཉན་སྐབས་བཏོན་པའི་གཏམ་བཤད་ཀནཏུམདགོངས་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། སྐོར་ཞིབ་དག་ཐེར་ལེགས་བཅོས་བྱ་བ་ལེགས་འཛིན་བྱེད་པའི་ཐད་ནས་རེ་བ་གསལ་བོ་བཏོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་འབྲེལ་འདྲིས་བྱེད་པའི་ལྟ་སྐུལ་ཞིབ་བཤེར་ཁང་དང་མངག་སྡོད་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བློ་མཐུན་བཅས་ཕྱིར་ལྡོག་ཚོགས་འདུར་ཞུགས།

ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཏང་ཙུའུ་ལ་ཕྱིར་ལྡོག་བྱས་པའི་གནད་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པར་བར་ཁྱད་ཡོད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་པར་མི་འདང་ས་གནས་པ། དངུལ་རྩའི་སྒྲིག་གཞི་ཞབས་ཞུའི་དངོས་གཞིའི་དཔལ་འབྱོར་མཐུན་སྦྱོར་དང་། ས་གནས་དངུལ་རྩའི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་ཁྲིད་སྟོན་ཐད་ཤུགས་མི་འདང་བ། ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་སྒྲུབ་ཤུགས་ཞན་པ། ཏང་ནང་གི་ཆབ་སྲིད་འཚོ་བ་ཕྱི་ཚུལ་ཅན་དང་རྣམ་པ་ཅན་ཡིན་པ། ལས་བྱེད་པའི་འདེམས་བསྐོ་བཀོལ་སྤྱོད་གཏན་འབེབས་ལག་བསྟར་གཟབ་ནན་མིན་པ། དཔུང་སྡེ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་མི་འདང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་འབུར་ཐོན་ཡིན་པ། ཐེངས་སྔོན་མའི་སྐོར་ཞིབ་ཁྲོད་ཕྱིར་ལྡོག་བྱས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པ་མཐིལ་ཕྱིན་མིན་པ་སོགས་རེད།

ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་ཏང་ཨུ་ལ་ཕྱིར་ལྡོག་བྱས་པའི་གནད་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་གཏིང་མི་ཟབ་པ་དང་། ཏང་ཨུས་ཁྱོན་ཡོངས་ནས་འགོ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་མི་འདང་བ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་བྱས་པར་བར་ཁྱད་ཡོད་པ་དང་ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་འགན་ནུས་ཞན་པ། ཞིང་སྡེ་ཡིད་རྟོན་ཁང་གི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འཕེལ་རིམ་ཅུང་དལ་བ། གཞི་རིམ་ཏང་འཛུགས་བྱ་བ་རྫུན་མ་ཅན་དང་ཇེ་ཞན་དུ་འགྲོ་བ། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་མིན་པ། ལས་བྱེད་པའི་གོ་གནས་སྤོར་བའི་སྒྲིག་རིམ་ཚད་ལྡན་མིན་པ། ལས་མི་གསར་བ་བསྡུ་ལེན་བྱེད་པ་མངོན་གསལ་མིན་པའི་གནད་དོན་འབུར་ཐོན་ཡིན་པ། འགན་འཁྲི་གཉིས་ལག་བསྟར་བྱས་པ་གནད་ཐོག་ཏུ་འཁེལ་མེད་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔར་བཞིན་གནས་པ། ཁེ་ལས་ཚོང་གཉེར་དོ་དམ་ཚད་ལྡན་མིན་པ་དང་ནང་ཁུལ་ཚོད་འཛིན་ལམ་ལུགས་ལག་བསྟར་ནན་མོ་མིན་པ། ཐེངས་སྔོན་མའི་སྐོར་ཞིབ་ཁྲོད་ཕྱིར་ལྡོག་བྱས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པ་དོན་ཐོག་ཏུ་འཁྱོལ་མེད་པ་སོགས་རེད།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གསུམ་པས་གོང་གི་གནད་དོན་དག་ལ་དམིགས་ནས་དག་ཐར་ལེགས་བཅོས་ཀྱི་བསམ་འཆར་དང་གྲོས་གཞི་བཏོན་པ་སྟེ། ཏང་གི་དངུལ་རྩའི་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཏང་ཙུའུ་དང་ཏང་ཨུ་ཡི་ཁ་ཕྱོགས་དམ་འཛིན་བྱེད་པ་དང་ཁྱོན་ཡོངས་ལ་དོ་དམ་བྱེད་པ། ལག་བསྟར་ལ་འགན་སྲུང་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱས་ནས། མཐའ་གཅིག་ཏུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ་དང་། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གཟབ་ནན་དང་གསལ་བོ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོར་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ། བྱ་སྤྱོད་དང་སྒྲིག་ཁྲིམས་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་སྐོར་ཞིབ་དག་ཐེར་ལེགས་བཅོས་དངོས་འབེབས་བྱེད་པ་དམ་འཛིན་བྱས་ཏེ་དག་ཐེར་ལེགས་བཅོས་ཐད་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས།

ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཝང་ཕིང་དང་། ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཡན་ཧྥ་ཚང་གཉིས་ཀྱིས་སྐོར་ཞིབ་ཁྲོད་ཕྱིར་ལྡོག་བྱས་པའི་གནད་དོན་དང་ལེན་བྱེད་པ་དང་། ངེས་པ་དོན་གྱིས་སྐོར་ཞིབ་དག་ཐེར་ལེགས་བཅོས་ཀྱི་ཆབ་སྲིད་རང་རྟོགས་དང་བསམ་བློའི་ཏང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་ནས་དག་ཐེར་ལེགས་བཅོས་བྱ་བ་དམ་འཛིན་ལེགས་པོ་བྱེད་རྒྱུའི་ཚུལ་བསྟན།

སྐོར་ཞིབ་ཁྲོད་རྙེད་པའི་གནད་དོན་ཁུངས་སྣེ་དག་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་གཏན་འཁེལ་ལྟར་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་ལ་རྩིས་སྤྲོད་བྱས་ཟིན།