མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2019.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱ་བར་ཞིབ་འཇུག་བྱས་པར་མ་ཟད། འབྲེལ་ཡོད་བཅོས་སྒྱུར་ཇུས་གཞི་ལ་གྲོས་ཞིབ་བྱས་པ་དང་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཁང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཧུའུ་ཀྲུའུ་རྫོང་བཅས་ཀྱིས་ཕུལ་བའི་རིག་གནས་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་རིག་གནས་དར་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྤུས་ལེགས་འཚོ་བ་བསྐྲུན་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པ་སོགས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ།

ཚོགས་ཐོག་ནས་བསྟན་དོན། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་ལ། འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་གནད་འགག་གི་བྱེད་ཐབས་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་བསམ་བློ་རིག་གནས་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་སྔོན་གྱི་རིག་གནས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་བཞག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཅོས་སྒྱུར་གྱི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ། མི་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། གནད་འགག་གི་བྱེད་ཐབས་བཀོལ་སྤྱོད་བཟང་བོ་བྱས་ནས། ་ཀྲུང་དབྱང་གི་བཅོས་སྒྱུར་གྱི་སྒྲིག་གལ་ཆེན་དེ་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པ་མ་ཟད་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རིག་གནས་ནི་མིའི་རིགས་ཀྱི་ལ་རྒྱ་དང་། ཀྲུང་ཧྭ་མི་རིགས་འཛམ་གླིང་དུ་སྐྱོད་པའི་ལམ་ཡིག་ཡིན་ལ། དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་གྱི་གསར་གཏོད་པ་ཡང་ཡིན། རིག་གནས་དར་རྒྱས་སུ་སོང་ན་མཚོ་སྔོན་དར་རྒྱས་སུ་འགྲོ་ཐུབ་ལ། རིག་གནས་སྟོབས་ལྡན་དུ་གྱུར་ན་མཚོ་སྔོན་སྟོབས་ལྡན་དུ་བསྒྱུར་ཐུབ་པ་དང་། རིག་གནས་ཀྱིས་ཆབ་སྲིད་དང་མི་དམངས། དུས་རབས་ལ་ཞབས་འདེགས་ཞུ་དགོས་ཟེར།

ཚོགས་ཐོག་ནན་གྱིས་བསྟན་དོན། ཐོན་ཁུངས་དང་ཤེས་ལྡན་མི་སྣ། གསར་སྐྲུན་གྱི་འདུ་ཤེས། སྲིད་ཇུས་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་སྔོག་འདོན་བྱེད་པ་དང་། བཅོས་སྒྱུར་གྱི་བསམ་བློ་དང་འགུལ་རྣམ་གྱི་བསམ་གཞིགས། ལོ་རྒྱུས་ཀྱི་བསམ་གཞིགས་སོགས་བྱེད་ཐབས་བཀོལ་སྤྱོད་བྱེད་པ། བཅོས་སྒྱུར་དང་མཉམ་བསྲེས། ལེགས་བསྒྱུར། མཐོར་འདེགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རིག་གནས་རང་རྟོན་དང་རིག་གནས་རང་རྟོགས། རིག་གནས་རང་གཅུན། རིག་གནས་རང་སྐྱོང་མངོན་འགྱུར་བྱས་ནས། རིག་གནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། སྲ་བརྟན་དང་ཤུགས་སྣོན། མཐོར་འདེགས། གེགས་མེད་བཅས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ལྟར། རིག་གནས་ཁྱབ་ཁོངས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་བ་དང་། སྒྲིག་གཞི་འཐུས་ཚང་དང་རྐྱེན་སྲོལ་བཟང་བ། ཁྱད་ཆོས་ལྡན་པ། ཚོང་རྟགས་མིང་དུ་གྲགས་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི2018ལོའི་བྱ་བའི་སྤྱི་སྡོམ་སྙན་ཞུ་དང་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི2019ལོའི་བྱ་བའི་གཙོ་གནད། ཤེས་བྱའི་ཐོན་དབང་གི་འདྲི་གཅོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་གྲོས་གཞི། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་བཅོས་སྒྱུར་ཇུས་གཞི། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱི་ཐའེ་ཝན་སྤུན་ཟླའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་ཇུས་གཞི་བཅས་ལ་གྲོས་ཞིབ་བྱས།

ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་དུ་ཞུགས།