མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སོགས་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།
2019.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་མཛད་དེ་ཏང་ཙུའུ་གྲོས་ཚོགས་བསྡུས་པར་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་གཅིག་གྱུར་ལེགས་བཅོས་བྱས་པ། གཏན་འཁེལ་དབུལ་སྐྱོར་བྱ་བ་སོགས་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ཉིས་སྟོང་བཅུ་དགུ་ལོའི་བྱ་བར་བཀོད་སྒྲིག་བྱས། 

གྲོས་ཚོགས་ནས་བསྟན་དོན། ཀྲུང་དབྱང་སྒྲིག་ཨུ་དང་ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གནས་བབ་དང་འོས་འགན་ལ་ཡང་དག་པའི་སྒོ་ནས་ངོས་འཛིན་བྱས་ཏེ། ནམ་ཡིན་ཡང་བགྲོད་ལམ་སྟེང་དུ་ཡོད་པའི་ཞུམ་མེད་སྦྱོར་བ་ཧུར་ལེན་བྱས་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་བློ་བརྟན་འགྱུར་མེད་ཀྱིས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འོས་འགན་གཟབ་ནན་གྱིས་དོན་འཁྱོལ་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་དགོས། ངེས་པ་དོན་གྱིས་འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་དགོས། གཟན་ནན་གྱིས་དོ་དམ་བྱེད་པ་དང་གཅེས་སེམས་ཀྱིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཉིན་རྒྱུན་གྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་སྒྲིག་ཁྲིམས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ནས་དྭངས་གཙང་དང་དྲང་བདེན་ཡིན་པའི་ཆབ་སྲིད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། 

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་གྱི་གཏིང་ཟབ་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཆེ་ཕྱོགས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་ལས་བརྟན་པོར་བཙུགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་ཧུར་ཐག་གིས་གཞོགས་འདེགས་བྱེད་དགོས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་དང་ཀྲང་ཧྲིག་ཁྲིན། ཏུའུ་ཅེ། མཱ་ཧེ་དབྱིན། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཝང་ཞོན་གཉིས་གྲོས་ཚོགས་ལ་ཟུར་ཞུགས་བྱས།