མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གི་དངོས་གཉེར་གྲོས་ཚོགས་དང་བྱ་བའི་ཡར་ཞུ་གྲོས་ཚོགས་ཟི་ལིང་ནས་ཚོགས།
2019.02.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གི་དངོས་གཉེར་གྲོས་ཚོགས་དང་བྱ་བའི་ཡར་ཞུ་གྲོས་ཚོགས་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པ་མ་ཟད་གཏམ་བཤད།

ཚོགས་ཐོག་ཏུ། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གིས་བྱ་བ་ཡར་ཞུ་བྱས་ཏེ། ད་ལོའི་བྱ་བའི་བསམ་ཕྱོགས་ཐད་ནས་གཏམ་བཤད་སྤེལ་བར་མ་ཟད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཚན་ཁག་གི་ཁོངས་མིས་རེ་རེ་བཞིན་དཔྱད་འཇོག་སྤེལ། ཝང་ཡུས་ཡན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་ཐུན་མོང་གི་འབད་འཐབ་འོག ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་ཐད་ནས་དཀྱིལ་སྙིང་ལ་དམ་དུ་དམིགས་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུས་པས། གྲུབ་འབྲས་མངོན་གསལ་བླངས། ད་ལོར་པུའུ་ཀྲང་ཁྲིན་ཞི་ཡིས་རྒྱལ་ཡོངས་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་སྟེང་གནང་བའི་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས། འགན་འཁྲི་ལག་བསྟར་དང་འབད་འཐབ་ལྷོད་མེད་བྱེད་པ། བབ་བསྟུན་མདུན་སྐྱོད་ཀྱིས་རྩ་འཛུགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར། ཁོ་མོས་ནན་གྱིས་བསྟན་དོན། གཏམ་བཤད་ཀྱི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱས་ནས། གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་རྒྱུས་ལོན་གཏིང་ཟབ་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་དང་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་་ལག་བསྟར་བྱེད་དགོས། ད་ལོའི་བྱ་བར་འཆར་འགོད་བཟང་བོ་བྱེད་པ་དང་། སྤྱི་ཡོངས་ལ་དམིགས་ནས་བྱ་བ་སྤེལ་བ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཞན་ཆ་དང་མི་འདང་སར་དམིགས་པ། ཆབ་སྲིད་རང་བཞིན་དང་རྩ་དོན་རང་བཞིན། ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པར་བྱས་ཏེ། རྩ་འཛུགས་བྱ་བའི་ཁྱོན་ཡོངས་ཀྱི་སྤུས་ཚད་དང་གོ་རིམ་ཧྲིལ་བོའི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས། ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པ་དང་། འཕེལ་ཕྱོགས་ལ་རྒྱུས་ལོན་བྱེད་པ། དོན་ཆེན་དམ་འཛིན་བྱེད་པ། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་སྟེང་བཀོད་སྒྲིག་བྱས་པའི་ལས་འགན་གལ་ཆེན་ལག་བསྟར་ནན་མོ་བྱེད་པ། ལས་བྱེད་པའི་བྱ་བ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན། ཤེས་ལྡན་མི་སྣའི་བྱ་བ། གཞུང་ཞབས་པའི་དོ་དམ་སོགས་དམིགས་འབེན་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པར་སྐུལ་འདེད་བཏང་སྟེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་ཐད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།